ཀྲུང་གོ་བོད་ཀྱི་དྲ་བ།

སྨོན་ལམ་ཡིག་རྒྱུན་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ།

ཡོང་ཁུངས། : ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས།     སྤེལ་དུས། : 2023-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་སྟེང་། ཀན་ལྷོ་ཁུལ་སྲིད་གྲོས་དང་ཁུལ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཁུལ་རིག་རྩལ་ལྷན་ཚོགས། ཁུལ་རིག་གནས་ཁང་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་འོག། ངེད་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་འགན་སྒྲུབ་གནང་བའི༼༧མཁས་དབང་སྨོན་ལམ་རྒྱ་མཚོའི་ཡི་གེའི་བྲིས་རྒྱུན་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ༽ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དུ་གཟབ་རྒྱས་ངང་ཚོགས།

3.png

   ཚོགས་ཐོག་ཏུ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལོའུ་ཡེས་དང་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲོའོ་ལིས་ཧོན་གཉིས་ཀྱིས་ཏང་གི་རིག་རྩལ་བྱ་གཞག་གི་ཆོད་གཏམ་སྤྱི་བསྒྲགས་དང་༧མཁས་དབང་ཁོང་གི་མཛད་པ་འཕྲིན་ལས་ལ་ཚད་མཐོའི་གདེངས་འཇོག་མཛད་ཅིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་གཟུགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་དོན་གྲུབ་ཚེ་རིང་དང་། ཚོགས་པ་དེ་གའི་ལས་འཛིན་དང་གཅན་ཚ་རྫོང་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕགས་བྷེ། མགོ་ལོག་སྡེར་ནང་ས་བྲིས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་སེང་གེ་དར་རྒྱས། སི་ཁྲོན་རྔ་བའི་ཡིག་མཁན་ལྕགས་མོ་ཕུན་ཚོགས་ཐུབ་ཆེན་དང་ལྷུན་གྲུབ་རྒྱ་མཚོ། ཁུལ་རིག་གནས་ལས་དོན་གྱི་བློ་འདྲི་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ། ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་རྡོར་བྷ་དང་། སངས་རྒྱས་བཀྲ་ཤིས། གཙོས་ཤེས་རབ་རྒྱ་མཚོ། འཕྲིན་ལས་རྒྱ་མཚོ། བསོད་ནམས་ཚེ་རིང་། རྟ་མགྲིན་མགོན་པོ་སོགས་ངེས་དོན་གྱི་བྲིས་དབང་དང་ཡིག་མཁན་མང་པོས་༧མཁས་དབང་ཁོང་གི་སྐུ་ཚེའི་མཛད་རྣམ་དང་འབྲེལ་ཏེ་སྨོན་ལམ་ཡིག་རྒྱུན་གྱི་ཆེ་བ་ཡོན་ཏན་དང་རྒྱུན་འཛིན་དར་སྤེལ། དེ་མིན། རང་རེའི་ཡིག་གཟུགས་ཀྱི་བསྟན་པ་སྤྱིའི་གནད་དོན་གང་མང་ལ་དུས་སུ་བབས་པའི་གཏམ་དང་གསུང་གླེང་གྱ་ནོམ་པ་མཛད།

4.png

ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཡར་མར་དུ། ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་ནས་ཕེབས་པའི་ཡིག་མཁན་རྣམ་པ་ཀན་ལྷོའི་གསོལ་མགྲོན་ཁང་གི་ཡངས་སྟེང་ནས་འཛོམས་ཏེ། ཕན་ཚུན་གྱི་བརྩེ་བ་དང་དགའ་གུས་ཟབ་མོ་རང་རང་གི་སོར་མོའི་རྩལ་ལ་དྲངས་ཏེ་ཚོགས་རའི་ཡུལ་དངོས་ནས་བྲིས་ཀྱི་སྟངས་སྟབས་ལ་ཅི་དགར་རོལད།

2.jpg

འགྲེམ་སྟོན་གྱི་བྱེད་སྒོ་རྫོགས་རྗེས། ཚོགས་འདུའི་གྲ་སྒྲིག་ཚོ་ཆུང་གི་གོ་སྒྲིག་ལྟར། ཡུལ་དངོས་སུ་ཕེབས་པའི་ཚོགས་ཞུགས་མི་སྣ་ཚང་མ་དཀྱུས་གཅིག་ཏུ་༧མཁས་དབང་ཁོང་གི་འཁྲུངས་གཞིས་སུ་བསྐྱོད་མགོ་བརྩམས་ཤིང་། ས་དེ་ག་ནས་ཀྱང་འབོ་ར་གྲོང་རྡལ་གྱི་འགོ་ཁྲིད་དང་རྫོང་རིམ་པའི་མཐུན་རྐྱེན་འོག། འབོ་ར་གྲོང་རྡལ་གྱི་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམ་སྟོན་དང་འགྲན་སྡུར་སྐབས་དང་པོའི་ཡུལ་དངོས་དཔྱད་འདེམས་དང་བྱ་དགའི་གཟེངས་བསྟོད། མཁས་དབང་ཁོང་གི་སྐུ་ཚེའི་མཛད་རྣམ་མང་པོར་རྒྱུས་ལོན་དང་སློབ་སྦྱོང་སོགས་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོར་མཛད་དོ། །

640.jpg

2.png

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།