ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཁྱད་ལྡན་ཡུལ་སྐོར་སྤྲོ་གསེང་དམིགས་ཡུལ་གནས་སུ་བདམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས18ཉིན། མཛེས་སྡུག་ལྡན་པའི་ཀྲུང་གོ2023ལོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་གསར་གཏོད་འཕེལ་རྒྱས་ཀྱི་བཞུགས་མོལ་གླེང་སྟེགས་ཧང་ཀྲུའུ་རུ་བསྡུས་ཤིང་། ཀན་ལྷོད་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ལ་ཁྱད་དུ་འཕགས་པའི་རང་བྱུང་ཁམས་དང་མི་ཆོས་ཐོན་ཁུངས། དེ་བཞིན་ཁྱད་ལྡན་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་རྣམ་ཡོད་པར་བརྟེན། མཛེས་སྡུག་ལྡན་པའི་ཀྲུང་གོའི་ཁྱད་ལྡན་ཡུལ་སྐོར་སྤྲོ་གསེང་དམིགས་ཡུལ་གནས་སུ་བདམས། རིག་གནས་དང་ཡུལ་སྐོར་པུའུ་ཆེད་མཁས་པའི་ཁོངས་མི་དང་། ཀྲུང་གོ་རྨ་ཆུའི་རིག་གནས་དཔལ་འབྱོར་འཕེལ་རྒྱས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡི་ཕྱོགས་བསྡུས་སི་ཡི་སི་ཀྲང་གྲང་ཅན་ཀྲུང་གིས་བདམས་ཐོན་བྱུང་བའི་ས་ཆར་གཟེངས་རྟགས་སྤྲད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།