ཀྲུང་གོ་བོད་ཀྱི་དྲ་བ།

དངོས་བྲིས་གློག་བརྙན《སྔོ་ལྗང་གི་ཀན་ལྷོ》དངོས་སུ་ཤར་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

5.jpg

6.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་བྱུང་མི་ཆོས་ཀྱི་དངོས་བྲིས་གློག་བརྙན《སྔོ་ལྗང་གི་ཀན་ལྷོ》ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་དངོས་སུ་ཤར་གཏོང་བྱས།

རི་སྔོ་ཆུ་དྭངས་ནས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། ཁོར་ཡུག་གསར་བརྗེ་ནས་ཐོན་ལས་འཕེལ་རྒྱས་སོགས། དངོས་བྲིས་གློག་བརྙན《སྔོ་ལྗང་གི་ཀན་ལྷོའི》ཞེས་པ་དེ་ལེའུ་གསུམ་དུ་བཀར་ཡོད་ལ། སྐར་མ་བརྒྱ་ཕྲག་ལྷག་གི་དུས་ཚོད་ནང་། མི20ལྷག་གི་མི་སྣའི་གཏམ་རྒྱུད་བརྒྱུད་དེ་ལོ་རྒྱུས་ཁ་ཕྱོགས་དང་གནས་བབ་ཀྱི་འཕོ་འགྱུར་ནས་མགོ་བརྩམས་ཏེ། ཀྲུང་གོའི་སྲོལ་རྒྱུན་རང་བྱུང་ལྟ་བ་དང་གནས་བབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འདུ་ཤེས་མཉམ་དུ་སྦྲེལ་ནས། རྒྱ་ཡངས་པའི་མཐོང་རྒྱ་དང་། རྟོག་དཔྱོད་ཀྱི་རྩོམ་རྩལ། ཞིབ་ཕྲ་ལྡན་པའི་དོན་བརྗོད་བཅས་ཀྱིས་གསོན་ཉམས་ལྡན་པའི་ངང་ཀན་ལྷོ་ནི་རྨ་ཆུ་དང་འབྲི་ཆུ་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་དང་མཁོ་སྤྲོད་གནས་ཡིན་པ་མ་ཟད། རྒྱལ་ཁབ་སྐྱེ་ཁམས་གཙོ་གཞིའི་ནུས་ལྡན་ཁུལ་དང་སྐྱེ་ཁམས་དཔལ་ཡོན་སྔོན་འགྲོ་དཔེ་སྟོན་ཁུལ་ཡིན་ལ། ལོ་ངོ་བཅུ་ཡི་རིང་འཕོ་འགྱུར་བྱུང་བའི་རྣམ་པ་གསལ་བོར་བརྗོད་ཡོད། 

 དོན་དངོས་ནང་དོན་མཚོན་པའི་བརྩམས་ཆོས་ཞིག་ཡིན་པའི་ངོས་ནས། དངོས་བྲིས་གློག་བརྙན་དེ་གསར་རྩོམ་བྱེད་མགོ་ཚུགས་པ་ནས“དོན་དངོས་རང་བཞིན”དམིགས་ཚད་དུ་བཟུང་ཞིང་། ལོ་གཅིག་རིང་གི་གསར་རྩོམ་བརྙན་ལེན་གྱི་གོ་རིམ་ཁྲོད། གཙོ་སྐྲུན་རུ་ཁག་དངོས་སུ་ཀན་ལྷོ་རུ་བཅར་འདྲི་དང་བརྟག་དཔྱད་བྱེད་པར་བསྐྱོད་དེ། གཞི་རིམ་དེ་པར་རིས་གཟིགས་བརྙན་དང་པོར་བཟུང་བ་མ་ཟད། དུས་མགོ་རུ་མི་སྣ100ལྷག་ལ་བཅར་འདྲི་བྱས་ནས་ཚོར་སྣང་འཚོལ་བ་དང་། གཏམ་རྒྱུད་འཚོལ་བ། སྒྱུ་རྩལ་ལས་སྣོན། རྒྱུ་ཆ་ཇེ་ལེགས་བཅས་ཀྱི་གོ་རིམ་བརྒྱུད་ད་ལྟ་ཆེས་ངོ་མཚར་ཆེ་བ་དེ་མི་རྣམས་ཀྱི་མིག་ལམ་དུ་མངོན།

དངོས་བྲིས་གློག་བརྙན《སྔོ་ལྗང་གི་ཀན་ལྷོ》ནི2021ལོར་གསར་རྩོམ་བྱས་པའི《དམར་མདོག་གི་ཀན་ལྷོ》རྗེས་སུ་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་དམངས་ལྟེ་བར་བྱེད་པའི་གསར་རྩོམ་ཁ་ཕྱོགས་སུ་བཟུང་བ་དང་། གཙོ་གནད་རིག་རྩལ་གསར་རྩོམ་རྩེ་གྲ་རྣམ་གྲངས་ལག་བསྟར་བརྒྱུད། ཀན་ལྷོའི་ཁོར་ཡུག་གསར་བརྗེ་གཞི་རྟེན་བྱས་ནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོངས་སུ་མཚོན་པའི་གློག་བརྙན་རྣམ་གྲངས་ཡིན།

གློག་བརྙན་འདི་ཀན་ལྷོ་ཁུལ་ཨུ་དྲིལ་སྒྲོག་པུའུ་དང་། ཀན་སུའུ་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་མཛུབ་སྟོན་གནང་ལ། ལན་ཀྲོའུ་ཅོན་ཅན་གློག་བརྙན་གྱིས་བརྙན་ལེན་འགན་ཁུར་ནས། ཀན་སུའུ་ཡི་རྩོམ་པ་པོ་ཝང་ཏུན་པའོ་དང་ཐིན་ཧྥེ་ཡིས་རྩོམ་བྲིས་པ་དང་། རྩོམ་པ་པོ་གྲགས་ཅན་རིན་ལན་ཅོན་དང་། དབྱངས་རྩོམ་མཁན་ཞའོ་ལི་སོགས་རྒྱལ་ནང་གི་བརྙན་ལེན་རུ་ཁག་གྲགས་ཅན་གྱིས་གཙོ་འགན་ཁུར་བ་རེད།  

རབ་ཏུ་མཛེས་པའི་གཟུགས་བརྙན་དང་། གཏིང་ཟབ་པའི་དོན་བརྗོད་སྙན་ངག ངོ་མཚར་བའི་སྒྲ་དབྱངས་རྣམ་པ་སྣ་ཚོགས་བཅས་ཀྱིས་དངོས་བྲིས་གློག་བརྙན《སྔོ་ལྗང་གི་ཀན་ལྷོ》ཡི་ཁྱད་ཆོས་འབུར་དུ་བཏོད་ཡོད།

གློག་བརྙན་འདིའི་སྒྲིག་མཁན་ཞུའུ་ལི་ནི་རྒྱལ་ནང་གི་དབྱངས་རྩོམ་མཁན་གྲགས་ཅན་དང་། རོལ་དབྱངས་འཁྲབ་འཁྲིད་པ། སྒྲ་དབྱངས་མཛུབ་སྟོན་མཁན་བཅས་ཡིན་ལ། རོལ་དབྱངས་ཁྱད་ཆོས་སྣ་མང་ཡིན་ཞིང་དབྱངས་རྟ་སྙན་པས་མིང་ཏུ་གྲགས་ཡོད། ཁོང་གི་བརྩམས་ཆོས་ནི་གློག་བརྙན་དང་། དངོས་བྲིས་གློག་བརྙན། རོལ་རྩེད། འགུལ་བརྙན་སོགས་ཀྱི་ཁྱབ་ཁོངས་སུ་ཁྱབ་ཡོད། ཚབ་བྱེད་བརྩམས་ཆོས་ལ་དངོས་ཟིན་གློག་བརྙན《ཀྲུང་གོ》དང《རྨ་ནུབ་ཁྱམས་ར》《ཚོགས་ཆེན》སོགས་ཡོད།

《སྔོ་ལྗང་ཀན་ལྷོ》ནང་དུ་ཞའོ་ལི་ཡིས་ལེའུ་རེ་རེའི་བརྗོད་དོན་གཙོ་བོ་དང་སྦྲེལ་ཏེ་སྣ་མང་གི་རོལ་དབྱངས་ཀྱིས་འཕོ་འགྱུར་བྱུང་བའི་ཀན་ལྷོ་དེ་ལྟ་མཁན་རྣམས་ཀྱི་མིག་ལམ་དུ་མངོན་ཡོད་ལ། གློག་བརྙན་ནང་གི་ལེའུ་རེ་རེའི་རོལ་དབྱངས་མི་འདྲ་བ་ཡིན། ལེའུ་དང་པོའི་རོལ་དབྱངས་ནངnew age(དུས་རབས་གསར་བའི་རོལ་དབྱངས)དང་གདོད་མའི་ཚོར་སྣང་བཞག་ནས་ཀན་ལྷོའི་ཐུན་མོང་མ་ཡིན་པའི་རྣམ་པ་གྲུབ་ནས་ལྟ་མཁན་རྣམས་ལ་སྤྱི་ཡོངས་ཀྱི་ཤེས་ཚོར་བསྩལ་ཡོད། ལེའུ་གཉིས་པར་ཀན་ལྷོའི་རང་བྱུང་སྐྱེ་ཁམས་དང་མཐོ་སྒང་གི་སྲོག་ཆགས་མངོན་པས། བྱེ་བྲག་གི་བྱ་ཡུལ་ལ་དམིགས་ནས་ཟློས་གར་རང་བཞིན་ཅུང་ལྡན་པའི་རོལ་དབྱངས་བཞག་ཡོད། ལེའུ་གསུམ་པར་ཀན་ལྷོའི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་དང་ན་གཞོན་པའི་གཏམ་རྒྱུད་གཙོ་བོར་བཟུང་ནས། བརྙན་ལེན་རུ་ཁག་གིས་བརྙན་ལེན་སྐབས་ས་གནས་གཞོན་ནུ་ཚོའི་རང་གིས་བརྩམས་པའི་གླུ་དབྱངས་དང་རོལ་དབྱངས་བྱ་འགུལ་བརྙན་དུ་བཀོད་ཡོད་པ་དང་། གསོན་ཉམས་ལྡན་པའི་རྒྱུ་ཆ་དེ་དག་གིས་གློག་བརྙན་ཁྲོད་རོལ་དབྱངས་ཀྱི་མཐོང་ལམ་ནས་དོན་བརྗོད་བྱས་པ་ཞིག་ཡིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།