ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་རྨ་ཆུའི་སྟོད་རྒྱུད་འབྱུང་ཡུལ་བསྲུངས་ནས་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

དབྱར་དུས་ཀྱི་ཀན་ལྷོའི་རྩྭ་ཐང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་ཁ་གསབ་ཁུལ་གཙོ་བོ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན། མངའ་ཁོངས་སུ་རྨ་ཆུ་དང་ཀླུ་ཆུ། བསང་ཆུ། འབྲུག་ཆུ་སོགས་ཡན་ལག་ཆུ་བོ120ལྷག་ཡོད། དེའི་ཁྲོད་རྨ་ཆུ་ཀན་ལྷོ་ནས་སྤྱི་ལེ433བརྒྱུད་ཡོད་ཅིང་། ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར108.1འཕར་བས་རྨ་ཆུའི་འབྱུང་ཡུལ་ཆུ་རྒྱུན་བསྡོམས་འབོར་གྱི58.7%ཟིན་ཡོད།

ཉེ་བའི་ལོ་འགའི་རིང་། ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དེ་ཁུལ་འཛུགས་པའི་རྩ་བ་དང་ལྗང་མདོག་འཕེལ་རྒྱས་རྩ་བའི་ལས་འགན་ལ་བརྩིས་ནས། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཤིང་། སྲུང་སྐྱོང་གཙོ་གནད་དང་བཅོས་སྐྱོང་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པས་དངོས་པོའི་དཔལ་ཡོན་དང་། བསམ་པའི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་ཕན་ཚུན་སྤེལ་རེས་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད།

རྨ་ཆུ་སྲུང་སྐྱོང་ཤུགས་ཆེན་གཏོང་བའི་བརྒྱུད་རིམ་ཁྲོད། ཀན་ལྷོ་ཁུལ་དུ་དཀའ་སྤྱད་དངོས་སྒྲུབ་དང་འབད་འབུངས་ལས་སྒྲུབ་ཀྱི་དཔེ་མཚོན་མི་སྣ་མང་པོ་ཞིག་ཐོན་པ་དང་། དངུལ་རྭ་གྲོང་རྡལ་གྱི་འབྲོག་པ་ཏང་ཡོན་སྒྲོལ་མ་སྐྱབས་ནི་དེའི་ཁྲོད་ཀྱི་གཅིག་རེད།

ཆ་སྙོམས་ས་བབ་སྨི3800ཟིན་པ་དང་ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་གཅིག་ལས་མེད་པའི་རྨ་ཆུའི་ས་མཐོ་རུ་ནམ་ཟླ་ཤིན་ཏུ་འཁྱགས་ལ། རྩྭ་ཐང་གི་ཉི་འོད་ཐོག་མ་དེ་སྦྲ་མདུན་དུ་འཕྲོ་སྐབས། སྒྲོལ་མ་སྐྱབས་ཀྱིས་རུ་མི་ཚོ་བོས་ནས། ཁོ་ཚོས་འབྲི་གཡག་གི་སྒལ་པར་བསྡམས་ཡོད་པའི་ཡོ་བྱད་ལ་ཞིབ་བཤེར་བྱས་རྗེས། དམར་མདངས་རྣམ་པར་བཀྲ་བའི་དར་དམར་བསྒྲེངས་ནས། གད་སྙིགས་གཙང་སེལ་བྱེད་པའི་ལམ་དུ་བསྐྱོད།

2003ལོ་ནས་བཟུང་སྒྲོལ་མ་སྐྱབས་ཀྱིས་ལོ་བཅུ་ལྷག་རིང་ཉིན་གཅིག་ལྟར་འགན་འཁྲི་ཕྲག་ཏུ་བླངས་ནས་རྩྭ་ཐང་གི་གད་སྙིགས་འཐུ་བས། མི་རྣམས་ཀྱིས་ཁོང་ལ་བྱམས་བརྩེའི་ངང“རྩྭ་ཐང་གི་ཡུས་ཀུང”ཞེས་འབོད་ཀྱིན་ཡོད། རྩྭ་ཐང་གཙང་མར་གྱུར་བ་དང་། རྨ་ཆུའི་ཆུ་མོ་དྭངས་ཤིང་གཙང་བར་གྱུར་དུས། སྒྲོལ་མ་སྐྱབས་ཀྱི་སྐེད་པའང་སྒུར་སོང་། “རྨ་ཆུའི་ཆུ་གཙང་དུ་བཏང་ནས་མ་ཡུམ་གཙང་བོ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ང་ཚོ་རྨ་ཆུ་རྫོང་གི་མི་ཚང་མའི་འགན་འཁྲི་རེད”ཅེས་སྒྲོལ་མ་སྐྱབས་ཀྱིས་བཤད།

རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། ཀན་ལྷོ་ཁུལ་གྱིས་ཆུ་བོའི་སྟོད་རྒྱུད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཀན་ལྷོའི་བྱེད་ཐབས་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཀན་ལྷོའི་འཇོན་ཐང་ལ་བརྟེན་ནས། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་ཀན་ལྷོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཡོད།

2015ལོར། ཀན་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་མངའ་ཁོངས་སུ་རྔམ་བརྗིད་ལྡན་པའི“ཁོར་ཡུག་གསར་བརྗེ”ཞིག་སྤེལ་བས་སྤྱི་ལེ་གྲུ་བཞི་མ་ཁྲི4.5ཡི་ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི་དམིགས་ཚད་མངོན་འགྱུར་བྱུང་།

2016ལོར་ཀན་ལྷོ་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས་ལྗང་མདོག་དར་འཕེལ་ལ་དམིགས་ཏེ། “སྐྱེ་ཁམས་ཆེན་པོ་ལྔ”དང“ཁོར་ཡུག་ཆེན་པོ་བཅུ”གཏོད་པའི་འབད་འཐབ་དམིགས་ཚད་གཏན་འཁེལ་བྱས་ནས། “རྣམ་པར་བཀྲ་བའི་རང་བྱུང་སྐྱེ་ཁམས”དང“རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་ཁོར་ཡུག་གཏོད་རྒྱུ”དེ་ནང་དོན་གཙོ་བོར་བཟུང་ནས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། དེ་དང་ཆབས་ཅིག“ཁོངས་ཡོངས་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་གཏོད་རྒྱུ”དང“ལྗང་མདོག་དར་སྤེལ་གྱི་མཐོ་ས་དང་ཁོར་ཡུག་གཏོད་པའི”འཕེལ་རྒྱས་ཐབས་ལམ་ཞིག་བཏོད་པ་རེད།

2021ལོའི་ཟླ་དང་པོར“ཁོངས་ཡོངས་གད་སྙིགས་མེད་པ”མངོན་འགྱུར་བྱུང་བའི་རྨང་གཞིའི་ཐོག“ཁོངས་ཡོངས་གད་སྙིགས་མེད་པ་དང་། ཁོངས་ཡོངས་རྫས་ལུད་མེད་པ། ཁོངས་ཡོངས་འགྱིག་ཤོག་མེད་པ། ཁོངས་ཡོངས་སྦགས་བཙོག་མེད་པ། ཁོངས་ཡོངས་སྤྱི་གནོད་མེད་པ”བཅས་ནང་དོན་དུ་བྱས་པའི“ལྔ་མེད་ཀན་ལྷོ”གཏོད་པའི་འགུལ་སྐྱོད་སྤེལ།

2021ལོའི་ཟླ11པར། ཀན་ལྷོ་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག“ལྔ་མེད་ཀན་ལྷོ”དང“བཅུ་ལྡན་ཁྱིམ་གཞིས”ཧུར་ཐག་གིས་གཏོད་པ་དང་། མཚོ་བོད་ས་མཐོའི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་འབད་འཐབ་དམིགས་འབེན་ཇེ་མགྱོགས་སུ་བཏང་ནས། ཀན་ལྷོ་དེ་ཉིད་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་མཐོ་ས་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་ཐོན་ལས་ཀྱི་མཐོ་ས་ཞིག་ཏུ་གཏོད་དགོས་པ་གསལ་བོར་བཏོན་ཡོད།

2022ལོ་ནས་བཟུང་། ཀན་ལྷོ་ཁུལ་གྱིས་རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ཐང་། བྱེ་ས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱ་འགུལ་སྤེལ་ཡོད།

ད་ལྟ། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། ཕྱུགས་བཀག་རྩྭ་གསོ། རྨོ་བསྐྱུར་ནགས་གསོ། རྩྭ་ཐང་སྐྱེ་ཁམས་མ་ལག་སླར་གསོ། སྐྱེ་ཁམས་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན། བརླན་ས་སྲུང་སྐྱོང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་དང་བསྟུན། ཀན་ལྷོ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ཇེ་ལེགས་སུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་ཇེ་ཞན་དུ་འགྲོ་བར་བཀག་འགོག་ཐུབ་ཡོད།

མིག་སྔའི་བར། ཀན་ལྷོ་ཁུལ་གྱིས་རྩྭ་ཐང་མུའུ་ཁྲི1187ཡི་ཨ་བྲའི་གནོད་འཚེ་བཅོས་སྒྲིག་ནུས་ལྡན་བྱས་པ་དང་། འཁོར་རྒྱུག་བྱེ་རི་མུའུ་ཁྲི3.82བཅོས་སྐྱོང་བྱས་ལ། མི་མངོན་པའི་བྱེ་འགྱུར་རྩྭ་ཐང་མུའུ་ཁྲི21.86བཅོས་སྐྱོང་བྱས། མུའུ་ཁྲི1557ལྷག་གི་རྩྭ་ས་ཉམས་ཞན་དུ་ཕྱིན་པ་བཅོས་སྒྲིག་སོགས་ལག་ཏུ་བསྟར་བས། རང་བྱུང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། ཁུལ་ཡོངས་ཀྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད97%བར་མཐོ་རུ་ཕྱིན་ནས་བརྒྱ་ཆའི་གྲངས0.38འཕར་ཞིང་། ཆུ་ཁུངས་ཁ་གསབ་ནུས་བ་སྔར་ལས་ཆེ་རུ་ཕྱིན་པ་རེད།

རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག ཀན་ལྷོ་ཡིས་རྩྭ་རྩི་ཤིང་སྐྱེ་འཚར་དང་རི་ཀླུང་ཐམས་ཅད་ལ་སྲུང་སྐྱོང་ཡག་པོ་བྱས་ནས། ས་མཐོའི་སྲུང་ཡོལ་དང་སྔོ་ལྗང་ཁྱིམ་གཞིས་ཡག་པོ་བསྐྲུན་ཏེ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།