ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་ལོ་གསུམ་ནང་དབང་པོ་སྐྱོན་ཅན་མི་ཁྲི3གྱི་ལས་ཞུགས་ཇེ་མང་དུ་གཏོང་བར་བརྩོན་ལེན་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཀན་སུའུ་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《ཀན་སུའུ་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཇུས་གཞི(2022ལོ་ནས2024ལོ་བར)》བཀྲམས་ནས། དབང་པོ་སྐྱོན་ཅན་ལས་རིགས་རྩལ་ནུས་ཆེར་གཏོང་བྱ་སྤྱོད་སྤེལ་བ་དང་ཐབས་ལམ་མང་པོ་དང་སྟབས་བསྟུན་སྒོས་ལས་ཞུགས་འགན་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤྱི་པའི་ལས་ཞུགས་ལས་གཏོད་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གནས་བརྟན་པོ་དང་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ལོ་གསུམ་ནང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ཁྲི3ལས་ཞུགས་གསར་སྣོན་བྱ་རྒྱུའི་དམིགས་ཚད་ལས་འགན་བཏོན་པ་རེད།

གསར་འགོད་པས་ཞིང་ཆེན་དབང་སྐྱོན་ལྷན་ཚོགས་ཀྱིས་ཉེ་ཆར་འཚོགས་པའི《ཀན་སུའུ་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཇུས་གཞི(2022ལོ་ནས2024ལོ་བར)》ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁྲི་གཙོ་བོའི་ལས་སྒོ་གཙོ་བོ་དང་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་ཕྲའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ཡིག་ཚགས་བཟོས་ནས། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དགོས་མཁོའི་ཆ་འཕྲིན་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། གསོ་སྦྱོང་དང་ལས་ཞུགས་ཁྲིད་སྟོན་ལས་ཀའི་ཁ་ཕྱོགས་གཏན་འཁེལ་བྱ་རྒྱུ་ཡིན་པའི་དུས་མཚུངས་སུ་དབང་པོ་སྐྱོན་ཅན་ལས་ཞུགས་ཀྱི་གཞི་རྒྱ་ཆེ་བ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོ་བ། དབང་པོ་སྐྱོན་ཅན་གྱི་མི་མངོན་པའི་ནུས་ཤུགས་ཆེ་བའི་མི་བཀོལ་མཁན་སྡེ་ཚན་ཁག་ཅིག་གསོ་སྐྱོང་བྱ་རྒྱུ་ཡིན་ལ། ལས་ཞུགས་ལོ་ཚད་ནང་ལས་རིགས་ཀྱི་ཆ་རྐྱེན་དང་ལས་ཞུགས་བྱེད་འདོད་ཡོད་པའི་དབང་པོ་སྐྱོན་ཅན་ལ་ལས་ཞུགས་བྱེད་པར་རོགས་རམ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།