ཀྲུང་གོ་བོད་ཀྱི་དྲ་བ།

བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་འགོར་ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་ཁྲུང་ཤིན་རྫོང་གིས“འཁོར་འབྲེལ་གཅིག་དང་མནའ་འབྲེལ་གཅིག”གི་བྱེད་སྟངས་ཁྱབ་གདལ་བཏང་ནས། སྔོ་ཚལ་གྱི་ཐོན་ལས་འཁོར་འབྲེལ་དུ་ཏང་ཨུད་དང་ཀྲི་པུའུ་བཙུགས་ཏེ། ཁེ་ལས་དང་མཉམ་ལས་ཁང་13གྱི་ཏང་ཡོན་28དེའི་ནང་བསྡུས་པས། སྔོན་ཆད་ཀྱི་རང་གཅིག་པོའི་ནུས་པར་བརྟེན་མཁན་གྱི་ཚལ་འདེབས་ཞིང་པ་ད་ཆ་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་གཏོང་འགོ་ཚུགས་ཡོད།

དེ་སྔ་འདེབས་འཛུགས་ལག་རྩལ་དང་ཁྲོམ་རའི་གནས་ཚུལ་སོགས་ཀྱིས་རྐྱེན་པས། ས་གནས་དེ་གའི་སྔོ་ཚལ་གྱི་ཐོན་ལས་ལ་གཞི་ཁྱོན་ཆགས་དཀའ་བ་དང་རིན་གོང་ཡག་པོ་ཞིག་རག་གི་མེད། དེར་བརྟེན་ཐོན་ལས་འཁོར་འབྲེལ་ཏང་ཨུད་ཀྱིས“གསར་བརྗེའི་སྣེ་ཁྲིད་ལས་སྒྲུབ་ཚོགས་པའི”ཁོངས་མི་སྒྲིག་འཛུགས་བྱས་ཏེ། ཁེ་ལས་སུ་བསྐྱོད་ནས་བརྟག་དཔྱད་བྱས་པ་མ་ཟད། ད་དུང་ཞིང་ལས་སྡེ་ཚན་ནས་ལག་རྩལ་པ་9སྐོང་འཐེན་བྱས་ཏེ་ལག་རྩལ་ཞབས་ཞུའི་ཆེད་ལས་འཛིན་གྲྭ་བཙུགས་པ་རེད།

ཞིང་དུད་ཀྱི་འདེབས་འཛུགས་ཕན་འབྲས་ཆེས་ཆེ་རུ་གཏོང་ཆེད། ཐོན་ལས་འཁོར་འབྲེལ་ཏང་ཨུད་ཀྱིས་འཁོར་འབྲེལ་ཁེ་ལས་དང་མཐུན་སྦྱོར་བྱས་ཏེ། ཤིས་ཨན་དང་པེ་ཅིང་སོགས་ས་གནས་ཀྱི་ཁེ་ལས་ཆེ་གྲས་དང་ཡུན་རིང་མཉམ་ལས་གྲོས་མཐུན་བཞག་པ་དང་། སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་བཅས་དབར་མ་མཐའི་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་པ་རེད།

དེ་དང་ཆབས་ཅིག ཐོན་ལས་འཁོར་འབྲེལ་ཏང་ཨུད་ཀྱིས་ད་དུང“ཏང་འཛུགས་སྐྱོང་དང་། ཁྲོམ་ར། བར་ཁེ་བ། སྣེ་འདྲེན་ཁེ་ལས། ཞིང་དུད་བཅས་མཉམ་ལས”ཀྱི་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་བཏོད་པས། གཅིག་གྱུར་གྱི་ཁུངས་འདེད་ཆོག་པ་དང་ལས་ཕྱོད་ཆེ་བའི་དྲ་ཕྱིའི་ཕྱིར་ཚོང་བྱེད་སྟངས་གསར་པ་ཞིག་ཆགས་ཏེ་ཞིང་པར་ཡོང་འབབ་མང་པོ་རག་ཡོད།

མིག་སྔའི་བར་ཁྲུང་ཤིན་རྫོང་གིས་སྒྲིག་བཀོད་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་11བསྐྲུན་ཟིན་པ་དང་། རྫོང་ཡོངས་ཀྱི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་6.9ཟིན་པ་དང་། ཐོན་རྫས་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་5.54ཟིན་རྒྱུ་རེད།

ཞབས་ཞུ་ལེགས་སུ་བཏང་ནས་གསར་གཏོད་ཀྱི་སྒུལ་ཤུགས་གཅིག་ཏུ་བསྒྲིལ་བ།

ལན་ཀྲོའུ་ཁུལ་གསར་ལྗང་མདོག་རྫས་འགྱུར་བཟོ་ལས་གླིང་དུ་གནས་པའི་ཤིན་ལུང་ཐའེ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧོང་ཅན་ཀྲུང་གིས། “ཁུལ་གསར་གྱི‘བུ་རྫི་རྣམ་པའི’ཞབས་ཞུས་རྣམ་གྲངས་དེ་ཟླ་བ་དྲུག་མ་འགོར་བར་བསྐྲུན་ཟིན་པ་མ་ཟད། ད་དུང་ཐོན་སྐྱེད་ཀྱང་བྱེད་འགོ་ཚུགས་པས། དུས་ཚོད་ཀྱི་མ་གནས་ཆེས་ཆེར་ཆག་སོང”ཞེས་ངོ་སྤྲོད་བྱས།

ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་ཆེད། ལན་ཀྲོའུ་ཁུལ་གསར་གྱིས་སྲིད་འཛིན་ཞིབ་མཆན་གྱི་བརྒྱུད་རིམ་རྒྱུན་ཆད་མེད་པར་སྟབས་བདེ་རུ་བཏང་ཞིང་། ཁེ་ལས་ཀྱི་མ་འཇོག་ཞིབ་མཆན་གྱི་དོན་ཚན་དེ་སྔོན་གྱི་45ནས་ད་ལྟའི་8བར་ཁུ་བསྡུ་བྱས་པ་དང་། ཞིབ་མཆན་འགོད་པའི་དུས་བཅད་ཡང་དེ་སྔོན་གྱི་ལས་ཞག་120ནས་ད་ལྟའི་26བར་ཐུང་དུ་བཏང་བ། སྲིད་དོན་ཞབས་འདེགས་ཉིན་365ཟིན་གྱི་ཡོད་ཅེས་ལན་ཀྲོའུ་ཁུལ་གསར་གྱི་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས།

ད་ཆ་ལན་ཀྲོའུ་ཁུལ་གསར་ལྗང་མདོག་རྫས་འགྱུར་བཟོ་ལས་གླིང་དུ། ཞིབ་ཚགས་རྫས་འགྱུར་བཟོ་ལས་ཐོན་ལས་མགྱོགས་མྱུར་གཅིག་སྡུད་བྱེད་བཞིན་ཡོད་པ་དང་། ལན་པའེ་རྒྱལ་ཁབ་རང་རྟེན་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་བརྟེན་ནས། ལན་ཀྲོའུ་ཁུལ་གསར་དུ་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་དང་། གཙོ་གནད་ཚོད་ལྟ་ཁང་། ལས་གྲྭའི་ལག་རྩལ་ལྟེ་གནས་སོགས་གསར་གཏོད་ལས་སྟེགས་140ལྷག་ཙམ་བསྐྲུན་པ་དང་། རིམ་མཐོའི་གསར་གཏོད་ལས་གཏོད་ཚོགས་པ་60ལྷག་ཙམ་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་ཤེས་ལྡན་པ་ཆིག་ཁྲི་ལྷག་ཙམ་ནང་འདྲེན་བྱས་ཏེ། ཁེ་ལས་ཀྱིས་བྱེད་པོ་དང་། ཁྲོམ་རས་ཕྱོགས་སྟོན། ཁེ་ལས་དང་། མཐོ་སློབ། ཚན་ཞིབ་ལས་ཁུངས་བཅས་ཟུང་དུ་འབྲེལ་བའི་གསར་གཏོད་མ་ལག་ཅིག་བཏོད་ཡོད་པ་རེད།

ལོ་བཅུའི་རིང་ལན་ཀྲོའུ་ཁུལ་གསར་གྱི་དཔལ་འབྱོར་བསྡོམས་འབོར་དེ་གསར་སྤེལ་བྱས་མ་ཐག་པའི་སྒོར་དུང་ཕྱུར་5མ་ཟིན་པ་ནས་ད་ཆའི་སྒོར་དུང་ཕྱུར་300བར་འཕར་ཡོད། འདི་ལོའི་ལོ་སྟོད་དུ་ཁུལ་གསར་གྱི་GDP13%འཕར་བ་དང་། གཏན་འཇགས་རྒྱུ་ནོར་དང་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་ཁག་སོ་སོར་20%དང་59%འཕར་ནས། རྒྱལ་ཁབ་རིམ་པའི་ཁུལ་གསར་གྱི་དཔེ་སྟོན་སྐུལ་ཁྲིད་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།

གོམས་སྲོལ་བསྒྱུར་ནས་ཡ་རབས་སྲོལ་བཟང་དར་སྤེལ་བཏང་བ།

ཉེ་བའི་ལོ་ཤས་རིང་། ཏིང་ཤིས་གྲོང་ཁྱེར་མིང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་དུ་སྲིད་ཇུས་བཏོན་ནས། སློང་རྟེན་མཐོ་པོ་ལེན་པ་བཀག་འགོག་དང་། མནའ་མ་སྟེར་བསུ་དང་གཤིན་པོ་དུར་སྐྱེལ་རྒྱས་པོ་གཉེར་བར་ངོ་རྒོལ་བྱེད་པ་སོགས་གྲོང་སྲོལ་དམངས་ཆིངས་ནང་བཅུག་སྟེ། གྲོང་ཚོ་ཁག་ཏུ་མནའ་མ་སྟེར་བསུ་དང་གཤིན་པོ་དུར་སྐྱེལ་ལས་འཛིན་ལྷན་ཚོགས་དང་། གྲོང་མིའི་དོན་གྲོས་མཐུན་ཚོཌ། ཀུན་སྤྱོད་དཔྱད་མོལ་མཐུན་ཚོགས་བཅས་འཛུགས་པར་མཛུབ་ཁྲིད་བྱས་ནས། དགའ་སྟོན་གྱི་གོམས་གཤིས་ལེགས་སུ་གཏོང་བ་དང་གཤིན་པོ་དུར་སྐྱེལ་སྟབས་བདེ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དུ་འགྱུར་བར་བྱས་པ་རེད།

ཁྲ་ཧྥུའུ་གྲོང་རྡལ་ཧ་ཀྲ་གྲོང་ཚོའི་པའོ་ཏུང་ཁུའེ་འདི་ལོའི་ལོ་སྟོད་དུ་གཉེན་སྒྲིག་བྱས་ནས་ཁྱིམ་ཚང་ཟིན་ཙམ་རེད། “ངའི་མནའ་མ་ནི་ཁོང་ཚོའི་ཁྱིམ་གྱི་བུ་མོ་རྒན་པ་ཡིན་མོད། འོན་ཀྱང་སློང་རྟེན་ནི་སེམས་མཚོན་ཙམ་སྒོར་ཁྲི་1ལས་བླངས་མ་སོང་། གྲོན་ཆུང་ཐུབ་པའི་སློང་རྟེན་གྱིས་ངས་ས་ཆ་བོགས་མར་བླངས་ཏེ་ཀྲུང་ལུགས་སྨན་རྩྭ་འདེབས་ཁྱོན་ཆེ་རུ་བཏང་བ་ཡིན། འདི་ལོར་ཡོང་འབབ་ལྡབ་འཕར་ཡོང་རྒྱུ་རེད”ཅེས་པའོ་ཏུང་ཁུའེ་ཡིས་བཤད།

ད་ཆ་སློང་རྟེན་དམའ་བ་དང་ཐ་ན་སློང་རྟེན་མི་ལེན་པ་དེ་མིང་རྫོང་དུ་དར་སྲོལ་ཞིག་ཏུ་གྱུར་བཞིན་ཡོད། དེ་སྔའི་རྫིག་པོ་དང་དང་དོད་རྒྱས་གཤོམ་གྱི“ངོ་སོའི་གཏོང་སྒོ”མངོན་གསལ་དོད་པོས་ཉུང་དུ་ཕྱིན་ནས། ཡུལ་སྐོར་གཉེན་སྒྲིག་དང་མཉམ་སྡེབ་གཉེན་སྟོན་སོགས“སྟབས་བདེ་ཅན་གྱི་གཉེན་སྟོན”རིམ་བཞིན་དར་བཞིན་ཡོད། 2020ལོ་ནས་བཟུང་མིང་རྫོང་གི་ཁྱིམ་ཚང་6700ལྷག་ཙམ་གྱིས་སྟབས་བདེའི་གཉེན་སྟོན་གཉེར་བ་དང“ཚལ་སྣ་འདུས་གཅིག་གིས་འདས་མཆོད་སྒྲུབ་པ”དེའང་གོམས་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།

“གྲོང་གསེབ་དར་རྒྱས་གཏོང་བར་རྣམ་པ་བཟང་པོ་གཏོད་དགོས་ལ་བླ་སྲོག་ཀྱང་གཏོད་དགོས། ང་ཚོས་སློང་རྟེན་མཐོ་པོ་ལེན་མཁན་ལ་མུ་མཐུད་བཅོས་སྒྲིག་དང་གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་། ཤེས་དཔལ་གྱི་སྲོལ་གསར་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་ཁྱབ་པར་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་བསམ་པའི་སྒུལ་ཤུཌ་ཆེན་པོ་ཞིག་བསྣོན་རྒྱུ་ཡིན”ཞེས་མིང་རྫོང་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀུའོ་ཁའེ་ཡིས་བཤད།

རྒྱུན་མཐུད་འབད་འཐབ་བྱས་པས་བྱེ་བཅོས་དང་ཕྱུག་འགྱུར་གཉིས་ཀར་འབྲས་བཟང་སྨིན་པ།

ཞོགས་པའི་ཆུ་ཚོད་5པ་ནི་ནམ་ལངས་མ་ཐག་ཡིན་ཞིང་། ཀུའོ་ཞི་ཡིས་ཆུ་གཞོང་རླངས་འཁོར་བཏང་ནས་ཡུལ་མི་ཚོ་དང་མཉམ་དུ་པ་པུའུ་ཧྲ་ནགས་རའི་ལྗོན་ཤིང་ལ་ཆུ་རྒྱག་པར་བསྐྱོད།

ཝུའུ་ཝེ་གྲོང་ཁྱེར་ཀུའུ་ལང་རྫོང་པ་པུའུ་ཧྲ་ནི་རྨ་ནུབ་བར་ཁྱམས་ཀྱི་ཤར་སྣེ་དང་ཐེང་ཀེ་ལི་བྱེ་ཐང་གི་ལྷོ་སྣེར་གནས་ཤིང་། དེ་གར་ལྷག་པ་ཆེ་ལ་བྱེ་མ་མཐུག་པས་ཐལ་རླུང་ཆེན་པོ་ལྡང་གི་ཡོད། 1981ལོར་ཡུལ་དེས་ཐང་རྒོད་བཅོས་སྐྱོང་བྱེད་འགོ་བཙུགས་པ་དང་། མི་དྲུག་གིས་རང་འགུལ་ངང་བྱེ་གླིང་དུ་བསྐྱོད་དེ་པ་པུའུ་ཧྲ་མཉམ་སྡེབ་ནགས་ར་བཙུགས་པར་ཕྱིས་སུ“རྒད་པོ་དྲུག”ཅེས་བརྗོད་ཀྱི་ཡོད།2019ལོར་ཁོང་ཚོར“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་ཐོབ་པ་རེད། ད་ཆའི་པ་པུའུ་ཧྲ་ནགས་ར་ནི་སྔོན་ཆད་རྩྭ་རྐང་གཅིག་ཀྱང་མི་སྐྱེ་བའི་ཐང་རྒོད་ནས་ཡུལ་དེའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི“དཔག་བསམ་ལྗོན་ཤིང”ལྟ་བུར་གྱུར་བ་རེད།

སྐབས་དེ་དུས“རྒད་པོ་དྲུག”གིས་དཀའ་ངལ་ཇི་ཙམ་ཆེ་ན་ཡང་། ཁྱིམ་ཚང་རེ་ནས་ཕྲུ་གུ་གཅིག་གིས་བྱ་བ་དེའི་ཤུལ་འཛིན་དགོས་པའི་ཁ་ཆད་བྱས། ཀུའོ་ཞིས་ནི་བྱ་བ་གང་དེའི་རྒྱུན་འཛིན་མཁན་མི་རབས་གསུམ་པ་རེད།

ད་ཕན་ལོ་ཤས་རིང་། ཀུའོ་ཞི་ཡིས་བྱེ་བཅོས་ནགས་བཟོའི་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་དང་ལག་རྩལ་གསར་པ་སྤྱད་དེ་ཤིང་འཛུགས་རྩྭ་འདེབས་ཀྱི་གསོན་ཚད་མཐོ་རུ་བཏང་བ་རེད། ཀུའོ་ཞིས་ཀྱིས་བྱེ་ཐང་ནས་ཕན་འབྲས་ཐོན་རྒྱུར་བསམ་གཞིག་བྱས་ཏེ། པ་པུའུ་ཧྲ་ཡི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཇུས་འགོད་བྱས་པར་བྱེ་བཅོས་དང་ཕྱུག་འགྱུར་གཉིས་ཀར་འབྲས་བཟང་སྨིན་པ་རེད།

ལོ་41རིང་མི་རབས་གསུམ་གྱིས་འབད་བརྩོན་བྱས་པ་བརྒྱུད། པ་པུའུ་ཧྲ་ནགས་རར་བྱེ་བཅོས་ནགས་གསོ་མུའུ་ཁྲི་25.7བྱས་ཟིན་པ་དང་། བྱེ་འགོག་ནགས་གསོའི་རྩྭ་ར་རྒྱ་ཁྱོན་མུའུ་ཁྲི་43བཏབ་པ། མཐའ་འཁོར་གྱི་ཞིང་ཁ་མུའུ་ཁྲི་10ལ་སྲུང་སྐྱོང་བཅས་བྱས་པ་ལས། རྫོང་ཡོངས་ཀྱི་བྱེ་ཐང་ས་མཚམས་སྤྱི་ལེ་20ལྷག་ཙམ་ཐུང་དུ་ཕྱིན་ཡོད། “ངས་མུ་མཐུད་པ་པུའུ་ཧྲ་བརྟན་པོར་བསྲུངས་ཏེ་བྱེ་ཐང་དེ་བས་མང་བ་སྔོ་གླིང་དུ་འགྱུར་བར་བྱེད་ཀྱི་ཡིན”ཞེས་ཀུའོ་ཞི་ཡིས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།