ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གསར་དུ་འཛམ་གླིང་ས་གཤིས་སྤྱི་གླིང18གཏན་ཁེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས24ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ལག་བསྟར་ཅུའུ་ཡིས་ས་གཤིས་སྤྱི་གླིང18ལ་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་ནང་འཇུག་པར་ཆོག་མཆན་བཀོད་སྟབས་ད་ལྟ་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་ཁོངས་མི་སྤྱི་གྲངས195ལ་སླེབས་ཤིང་རྒྱལ་ཁབ48ལ་ཁྱབ་ཡོད། 

“མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང”གི་མཚོན་རྟགས་དེ2015ལོར་བཙུགས་ཤིང་རྒྱལ་སྤྱི་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་པའི་ས་གཤིས་ཤུལ་བཞག་ལ་ངོས་འཛིན་བྱེད་སྐབས་སྤྱོད་པ་རེད། འདིས་ས་གཤིས་ཤུལ་བཞག་གལ་ཆེན་སྲུང་སྐྱོང་དང་སྤྱི་དམངས་ལ་དྲིལ་སྒྲོག རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་བྱེད་ཕྱོགས་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ནས་ས་གནས་དེའི་སྡེ་ཁུལ་ལ་ཞབས་འདེགས་ཞུ་པར་ཕན་ནུས་གལ་ཆེན་ལྡན།

ཐེངས་འདིར་གསར་དུ་འཕར་བའི་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་ཁོངས་མིའི་ནང་ཧིན་རྡུ་ཉི་ཞི་ཡར་སྤྱི་གླིང4དང་། པར་ཙིར་དང་དབྱི་རན་གཉིས་ལ2རེ། ཀེ་རི་སེ་དང་འཇར་པན། མ་ལེ་ཞི་ཡ། ནེའུ་ཙི་ལན། ནོར་ཝེ། ཧྥི་ལི་ཕིན། ཧན་གོ སི་ཕེན། ཐེ་ལན། དབྱིན་ཇི་བཅས་སོ་སོར1རེ་ཡོད་པ་རེད།  ཐེངས་འདིར་ནེའུ་ཙི་ལན་དང་ཧྥི་ལི་ཕིན་གཉིས་དྲ་རྒྱ་དེའི་ནང་ཐོག་མར་ཞུགས་པ་རེད། འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་བའི་ཁོངས་མིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི48.6ལས་བརྒལ་ཡོད།

ངོ་སྤྲོད་ལྟར་ན། འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་ཁྲོད་ཀྲུང་གོས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་ལ། མིག་སྔར་ཀྲུང་གོར་འཛམ་གླིང་ས་གཤིས་སྤྱི་གླིང41ཡོད་པ་དང་གྲངས་འབོར་ཨང་དང་པོར་ཟིན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།