ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་གི་འཐུས་མི་ཚོགས་པས་ཁོ་ལོམ་པི་ཡར་འཚམས་འདྲི་གནང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཆོས་ཁོ་ལོམ་པི་ཡ་ཏང་གི་གདན་ཞུ་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་མིང་ཞང་གིས་ཀྲུང་གུང་འཐུས་མི་ཚོགས་པ་ཁྲིད་དེ་ཟླ5པའི་ཚེས21ནས་ཚེས23ཉིན་བར་ཁོ་ལོམ་པི་ཡ་རུ་འཚམས་འདྲི་གནང་རྒྱུ་དང་། འཚམས་འདྲིའི་སྐབས་གྲོས་ཚོགས་འོག་མའི་གྲོས་དཔོན་ལ་སའེ་ལུའོ་དང་མི་ཆོས་ཁོ་ལོམ་པི་ཡ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དབྱིན་ཁ་ཕི་ཡ། གུང་ཁྲན་ཏང་གི་ཀྲུའུ་ཞི་ཁའེ་སའེ་ཏའོ། རང་མོས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧ་ལ་སྨི་ལུའེ། དྲག་སྐྱོད་བཅོས་སྒྱུར་ཏང་གི་ཀྲུའུ་ཞི་ཁོ་ཨར་ཏའོ་ཝ་བཅས་ལ་ཐུག་འཕྲད་གནང་རྒྱུ་རེད།

ཁོ་ལོམ་པི་ཡ་ཕྱོགས་ཀྱིས། སྔར་ལས་ལྷག་པར་ཀྲུང་གོ་གུང་ཁྲན་ཏང་དང་སྤེལ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། ཁོ་ལོམ་པི་ཡ་དང་ཀྲུང་གོ་བར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།