ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་ཟླ6པར་པེ་ཅིན་དུ་མཛའ་མཐུན་འགྲན་བསྡུར་སྤེལ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཀེན་ཐིན་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱིས་ཚེས21ཉིན་ཁྱབ་བསྒྲགས་བྱས་དོན། ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་ཟླ6པར2023ལོའི་ཨེ་ཤེ་ཡའི་སྐོར་སྐྱོད་འགྲན་བསྡུར་སྤེལ་མགོ་རྩོམ་རྒྱུ་དང་། ཟླ6པའི་ཚེས15ཉིན་པེ་ཅིན་དུ་ཨོ་སི་ཁྲུ་ལི་ཡའི་རུ་ཁག་དང་མཛའ་མཐུན་འགྲན་བསྡུར་སྤེལ་རྒྱུ་རེད། 

ཨ་ཀེན་ཐིན་རུ་ཁག་གིས་ཟླ6པའི་ཚེས19ཉིན་ཡ་ཅ་ཏ་རུ་ཧིན་རྡུ་ཉི་ཞི་ཡའི་རུ་ཁག་དང་མཛའ་མཐུན་འགྲན་བསྡུར་སྤེལ་རྒྱུ་རེད། ཐེངས་འདིའི་སྐོར་སྐྱོད་འགྲན་བསྡུར་ནི2022ལོར་ཨ་ཀེན་ཐིན་རུ་ཁག་ལ་ཁ་ཐ་ཨར་འཛམ་གླིང་བུམ་པའི་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་རྗེས་སུ་ཕྱི་རྒྱལ་དུ་འགྲན་བསྡུར་སྤེལ་ཐེངས་དང་པོ་ཡིན་པ་རེད། །

པར་འདི་ནི2022ལོའི་ཟླ12པའི་ཚེས18ཉིན་ཨ་ཀེན་ཐིན་རུ་ཁག་གི་རུ་མི་མེ་ཞི་ཡིས་བྱ་དགའ་གནང་པའི་མཛད་སྒོའི་སྟེང་གསེར་བུམ་ལག་ཏུ་བཟུང་ནས་རྟེན་འབྲེལ་ཞུ་བཞིན་པའི་རྣམ་པ་རེད། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།