ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཉི་ཁོ་སི·ཧོ་ལི་སི་ཐའོ་ཙུའུ་ལི་ཅི་སིར་གློག་འཕྲིན་བཏང་སྟེ་ཁོང་གིས་སེབ་རུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉི་ཁོ་སི·ཧོ་ལི་སི་ཐའོ་ཙུའུ་ལི་ཅི་སིར་གློག་འཕྲིན་བཏང་སྟེ་ཁོང་གིས་སེབ་རུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

 ཞི་ཅིན་ཕིང་གིས། མིག་སྔར། ཀྲུང་གོ་དང་སེབ་རུ་སི་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོན་པོའི་ངང་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཆབ་སྲིད་ཀྱི་ཡིད་ཆེས་མུ་མཐུད་ནས་གཏིང་ཟབ་ཏུ་ཕྱིན་ཞིང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཉིན་བཞིན་ཇེ་དམ་དུ་ཕྱིན་ཡོད། ངེད་ཀྱིས་ཀྲུང་སེབ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། ཙུང་ཐུང་ཧོ་ལི་སི་ཐའོ་ཙུའུ་ལི་ཅི་སི་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་སེབ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྔར་ལས་གྲུབ་འབྲས་མང་པོ་ཐོབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།