ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་འཛམ་གླིང་སློབ་འབྲིང་སློབ་མའི་དགུན་དུས་ལུས་རྩལ་འགྲན་ཚོགས་འཚོག་རྒྱུ་མིན་པར་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས6ཉིན། རྒྱལ་སྤྱིའི་སློབ་འབྲིང་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུར་ཁེར་ས་ཡོམ་དྲག་པོ་བྱུང་པོ་དབང་གིས་ཟླ་འདིར་ཐུར་ཁེའི་ཨེ་ཨར་ཙུའུ་ལུའུ་མུའུ་རུ་འཚོག་འཆར་ཡོད་པའི2023ལོའི་འཛམ་གླིང་སློབ་འབྲིང་སློབ་མའི་དགུན་དུས་ལུས་རྩལ་འགྲན་ཚོགས་འཚོག་རྒྱུ་མིན་པར་ཁྱབ་བསྒྲགས་བྱས།

རྒྱལ་སྤྱིའི་སློབ་འབྲིང་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས6ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་ཏེ། “གཟའ་ཟླ་བའི(ཚེས6ཉིན)ཞོགས་པ་ཐུར་ཁེར་ས་ཡོམ་དྲག་པོ་བྱུང་བའི་དབང་གིས་ང་ཚོས་སྔོན་ལ་གཏན་འཁེལ་བྱས་པའི་ཟླ2པའི་ཚེས11ཉིན་ནས་ཚེས19ཉིན་བར་ཨེ་ཨར་ཙུའུ་ལུའུ་མུའུ་རུ་འཚོག་འཆར་ཡོད་པའི2023ལོའི་འཛམ་གླིང་སློབ་འབྲིང་སློབ་མའི་དགུན་དུས་ལུས་རྩལ་འགྲན་ཚོགས་འཚོག་རྒྱུ་མིན་པར་ཁྱབ་བསྒྲགས་བྱས་པ་ཡིན”ཟེར།

རྒྱལ་སྤྱིའི་སློབ་འབྲིང་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ནང་། “ང་ཚོས་སློབ་འབྲིང་སློབ་མའི་དགུན་དུས་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མི་ཚང་མའི་ཚབ་ཞུས་ཏེ་དཀའ་ངལ་གྱི་གནས་སུ་གྱར་བའི་ཐུར་ཁེའི་མི་དམངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན་པ་མ་ཟད། ཐུར་ཁེའི་མི་དམངས་དང་མཉམ་དུ་དཀའ་ངལ་མཉམ་སེལ་བྱ་རྒྱུ་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་མྱ་ངན་དང་འཚམས་འདྲི་ཡང་ཞུ་རྒྱུ་ཡིན། ཐུར་ཁེའི་མི་དམངས་ཀྱི་དཔའ་སྟོབས་དང་འགྱུར་མེད་བློ་བརྟན་གྱིས་དཀའ་ངལ་ཡོད་ཚད་སེལ་ཐུབ་པའི་ཡིད་ཆེས་ཡོད་པས། ང་ཚོས་མཉམ་དུ་འབད་བརྩོན་བྱེད”ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།