ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་དབྱིན་ཇིའི་རླངས་འཁོར་ཐོན་འབོར་དེ་ན་ནིང་དང་བསྡུར་ན9.8%མར་ཆག

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་རླངས་འཁོར་བཟོ་སྐྲུན་ཚོང་པ་དང་ཉོ་འཚོང་པའི་མཐུན་ཚོགས་ཀྱིས་ཉིན་འགའི་སྔོན་དུ་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2022ལོར་དབྱིན་ཇིའི་རླངས་འཁོར་གྱི་ཐོན་འབོར775014ཡིན་པ་དང་། 2021ལོ་དང་བསྡུར་ན9.8%མར་ཆག་ཡོད། གྲངས་གཞིའི་ནང་། 2022ལོའི་དབྱིན་ཇིའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད14%མར་ཆག་ཡོད། དབྱེ་ཞིབ་ལས་བསྟན་པ་ལྟར་ན། ནུས་ཁུངས་ཀྱི་རིན་གོང་མཐོ་རུ་སོང་བ་མ་རྩ་མཐོ་རུ་ཕྱིན་པ་དང་ཕྱི་རྒྱལ་ཁྲོམ་ར་ཉམས་ཞན་དུ་སོང་བ་ནི་དབྱིན་ཇིའི2022ལོའི་རླངས་འཁོར་གྱི་ཐོན་འབོར་མར་ཆག་པའི་རྒྱུ་རྐྱེན་གཙོ་བོ་གཉིས་རེད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།