ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལིའི་དམག་མི་བཅུ་བཞིར་དབུས་ཕྱོགས་ས་ཁུལ་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལིའི་དམག་ཕྱོགས་ཀྱི་སྤྱི་བའི་འབྲེལ་བ་དང་བརྡ་འཕྲིན་ཁྲུའུ་ཡིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་སྤྱི་སྒྲོག་སྤེལ་ཏེ། མཱ་ལིའི་དམག་མི་བཅུ་བཞིར་དབུས་ཕྱོགས་ས་ཁུལ་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཚེས་བཅུ་ཉིན་རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཏིས་ཡཱ་གྲོང་རྡལ་དང་ཅཱ་ཧྥ་ལཱ་པེ་གྲོང་རྡལ་འབྲེལ་སའི་ས་ཁུལ་དང་། ཁུའུ་མཱ་ལཱ་གྲོང་རྡལ་དང་མཱ་ཞི་ནཱ་གྲོང་རྡལ་འབྲེལ་སའི་ས་ཁུལ་གཉིས་ནས། སོ་སོར་མཱ་ལིའི་དྲག་ཆས་དམག་དཔུང་ལ་དམིགས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། བསྡོམས་པས་དམག་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག་ཟེར། དེའི་རྗེས་སུ་མཱ་ལིའི་དྲག་ཆས་དམག་དཔུང་གིས་གོང་གི་ས་ཁུལ་དུ་རོགས་དམག་ཁ་སྣོན་བྱས་ཏེ། འཇིགས་སྐུལ་ཉེས་ཅན་སོ་གཅིག་བསད་པ་རེད་ཟེར། 

མིག་སྔར་བར་དུ་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།