ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་གི་ལས་རིགས་མང་པོས་ལས་མི་འཕྲི་རྩིས་ཡོད་ལ་ལས་ཞུགས་ཁྲོམ་རའི་མདུན་ལྗོངས་ཡག་པོ་མི་འདུག

ཡོང་ཁུངས། : ཀྲུང་གོ་གསར་འགྱུར་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་། ཉེ་ཆར། ཡོབ་གླིང་གི་ནུས་རྒྱུའི་ཉམས་ཉེན་དང་དངུལ་ལོར་འགྲེམས་ཐལ་ཤོར་བའི་གནད་དོན་ད་དུང་གློད་མེད། ཡོབ་གླིང་གི་ཁེ་ལས་མང་པོ་ཞིག་མ་རྩ་ཇེ་མཐོ་དང་དགོས་མཁོ་ཇེ་ཆུང་། མ་འཇོག་བྱེད་ཤུགས་གནས་སྐབས་ཇེ་དལ་དུ་གྱུར་བའི་བཀའ་ཁག་གི་གནས་སུ་གྱར། བཟོ་སྐྲུན་དང་རྫས་འགྱུར་བཟོ་ལས། མཁའ་འགྲུལ་སོགས་ལས་རིགས་མང་པོ་ཞིག་གིས་ཉེ་ཆར་ལས་མི་འཕྲི་བའི་འཆར་གཞི་ཁྱབ་སྒྲོག་བྱས། ལས་རིགས་ནང་ཁུལ་གྱི་ཆེད་མཁས་ཅན་པས་ཁེ་ལས་ཀྱིས་ལས་མི་ད་དུང་འཕྲི་རྒྱུ་ཡིན་པས། ཡོབ་གླིང་གི་ལས་ཞུགས་ཁྲོམ་རར་གནོན་ཤུགས་ཕྲད་ཡོད་པའི་ངོས་འཛིན་བྱས།

མིག་སྔར་ཡོབ་གླིང་ས་ཁུལ་དུ་དངུལ་ལོར་འགྲེམས་ཐལ་ཤོར་བའི་གནོན་ཤུགས་ཇེ་ཆུང་དུ་སོང་མེད། ནུས་རྒྱུའི་ཉམས་ཉེན་སེལ་དཀའ་བའི་ཁར། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་སྐྱེད་ཀ་ཇེ་མཐོར་བཏང་བ་དང་། ཡོ་རོབ་གླིང་དཔལ་འབྱོར་ལ་མུ་མཐུད་དུ་གནོན་ཤུགས་སྤྲད། ཡོ་རོབ་གླིང་གི་ཁེ་ལས་མང་པོ་ཞིག་ལ་མ་རྩ་མཐོ་བ་དང་དགོས་མཁོ་ཞན་པའི་དཀའ་ངལ་འཕྲད།

འཇར་མན་གྱི་རྫས་འགྱུར་བཟོ་ལས་ཆེ་ཤོས་པ་སི་ཧྥུའུ་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མ་ཏིང་པུའུ་ལུའུ་ཏེ་སྨི་ལེ་ཡིས་བསྟན་དོན། ཡོབ་གླིང་གི་རྫས་འགྱུར་བཟོ་ལས་ཁྲོམ་རར་ལོ་བཅུའི་རིང་དཔལ་འབྱོར་འཕར་ཤུགས་ཆེན་པོ་མེད་པ་དང་། ནུས་རྒྱུའི་མ་རྩ་ཆེས་ཆེར་འཕར་བས་པ་སི་ཧྥུའུ་ལ་གནོན་ཤུགས་བྱིན་ཡོད། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། པ་སི་ཧྥུའུ་ཡི་ཡོབ་གླིང་ཐོན་སྐྱེད་རྟེན་གཞིའི་རང་བྱུང་སོལ་རླངས་ཀྱི་འགྲོ་གྲོན་དེ། ན་ནིང་གི་དུས་མཚུངས་ལས་ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར22འཕར་བ་དང་། ཁེ་ལས་ཀྱི་དུས་ཚིགས་གསུམ་པའི་ཁེ་སྤོགས་ན་ནིང་གི་དུས་མཚུངས་ལས་བཅུ་ཆའི་གསུམ་ཙམ་མར་ཆག

ཧོ་ལན་གྱི་སྨན་བཅོས་སྒྲིག་ཆས་བཟོ་སྐྲུན་ཚོང་པ་ཧྥེ་ལི་ཕུའུ་དང་རླུང་གློག་བཟོ་སྐྲུན་ཀུང་སི་ཆེ་ཤོས་ཤིས་མོན་ཙེ་བཅས་ཀྱིས་བསྟན་དོན། གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་ཤར་གཏོང་མིན་པས། ཁེ་ལས་གཉེར་སྐྱོང་དང་ཁེ་སྤོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

ཧྥིན་ལན་མཁའ་འགྲུལ་གྱི་དབུ་བཞུགས་ལག་བསྟར་དཔོན་ཐུའོ་ཕི་མན་ན་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཉམས་ཉེན་ཇེ་ཆེར་ཕྱིན་པའི་དབང་གིས། ཡོ་རོབ་གླིང་རྒྱལ་ཁབ་མང་པོ་དང་ཨུ་རུ་སུ་ཕན་ཚུན་བར་གྱི་མཁའ་དབྱིངས་སྒོ་རྒྱབ་པ་དང་། དེའི་སྟེང་སྣུམ་རིན་ཆེས་ཆེར་འཕར་བས། མཁའ་འགྲུལ་ཀུང་སིའི་གཉེར་སྐྱོང་དང་འཕེལ་རྒྱས་ལ་ཤུགས་རྐྱེན་མངོན་གསལ་ཐེབས། ཧྥིན་ལན་མཁའ་འགྲུལ་གྱིས་ལས་མི་མི་འཕྲི་ཀ་མེད་དུ་གྱུར་ཏེདཀའ་ཁག་ཆེ་ཡང་དགོས་ངེས་ཀྱི་བྱ་ཐབས་ཤིགརེད།

འཇར་མན་དབྱི་ཧྥུའུ་དཔལ་འབྱོར་ཞིབ་འཇུག་སུའོ་ཡིས་ཁྱབ་སྒྲོག་བྱས་པའི་ཟླ10པའི་འཇར་མན་གྱི་ལས་ཞུགས་སྟོན་གྲངས་ལས་མངོན་པར། འཇར་མན་ཁེ་ལས་ཀྱི་ལས་མི་བསྡུ་བའི་འདུན་པ་མུ་མཐུད་དུ་མར་ཆག་ཅིང་། 2021ལོའི་ཟླ4བའི་ཚུན་གྱི་ཆེས་དམའ་ཤོས་སུ་སླེབས་ཡོད། དེའི་ནང་བཟོ་ལས་ཀྱི་ལས་ཞུགས་སྟོན་གྲངས་དེ། ཟླ20ནང་ཚུན་དུ་ཐོག་མར་ཀླད་ཀོར་འོག་ཏུ་ཆག་པ་དེས། ལས་མི་འཕྲི་རྩིས་ཡོད་པའི་ཁེ་ལས་ལས་མི་བསྡུ་འདོད་ཡོད་པའི་ཁེ་ལས་ལས་མང་བ་མཚོན་གྱི་ཡོད།

ཡོབ་གླིང་ས་ཁུལ་གྱི་ལས་སྒོའི་ཁེ་སྤོགས་ཉུང་བའི་གནད་དོན་ལ་ཁ་གཏད་གཅོག་ཆེད། ཉེ་ཆར་པ་སི་ཧྥུའུ་ཡིས་ལས་མི་འཕྲི་བ་ཚུད་པའི་མ་རྩ་ཉུང་གཏོང་གི་འཆར་གཞི་ཁྱབ་སྒྲོག་བྱས་ནས། མ་འོངས་པའི་ལོ་གཉིས་ནང་། ཡོབ་གླིང་ས་ཁུལ་གྱི་མ་རྩ་ལོ་རེར་ཡོབ་སྒོར་དུང་ཕྱུར5ཉུང་དུ་བཏང་རྒྱུ་དང་། དེའི་ནང་ཕྱེད་ཀའི་ཡན་གྱི་མ་རྩ་ཉུང་གཏོང་བྱ་རྒྱུ་དེ་འཇར་མན་གྱི་སྤྱི་ཁྱབ་པུའུ་རུ་ལག་བསྟར་བྱ་རྒྱུ་རེད།

འཇར་མན་གྱི་རླངས་འཁོར་དང་བཟོ་ལས་ཐོན་རྫས་མཁོ་སྤྲོད་ཚོང་པ་ཧྲེ་ཧྥུའུ་ལེ་ཡིས་ཟླ་སྔོན་མར་བསྟན་དོན། 2026ལོའི་སྔོན་དུ་ལས་གནས1300ཇེ་ཉུང་དུ་གཏོང་རྒྱུ་དང་། དེའི་ནང1000འཇར་མན་དུ་ཡོད་ཅིང་། དེ་དག་གཙོ་བོ་སྲིད་འཛིན་དོ་དམ་དང་ཞིབ་འཇུག་གསར་སྤེལ་སྡེ་ཚན་དང་འབྲེལ་བ་ཡོད།

གྲུབ་འབྲས་མར་ལྷུང་བའི་ཤུགས་རྐྱེན་འོག ཉིན་འགའི་སྔོན་དུ། ཧྥེ་ལི་ཕུའུ་ཡིས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ལས་མི4000འཕྲི་བའི་ཁྱབ་སྒྲོག་བྱས། དེས་ཀུང་སིའི་ལས་མིའི་བསྡོམས་འབོར་གྱི5%ལས་བརྒལ་ཡོད། ཧྥེ་ལི་ཕུའུ་ཡི་དབུ་བཞུགས་ལག་བསྟར་དཔོན་ཡ་ཀེ་པུའུ་སིས་བསྟན་དོན། ཁེ་ལས་ཀྱིས་གཉེར་སྐྱོང་འགྲོ་སོང་ཇེ་ཉུང་དང་རྩ་འཛུགས་ཀྱི་གྲུབ་ཚུལ་ཇེ་ཡང་དུ་གཏོང་དགོས།

ཞི་མོན་ཙེ་ཡིས་ཉིན་འགའི་སྔོན་དུ་གོ་ལ་ཧྲིལ་པོར་ལས་མི2900འཕྲི་བ་དང་། འཕྲི་བའི་ལས་གནས་ཕྱེད་ཀ་ཡན་ཡོབ་གླིང་ཏུ་ཡོད། ཀུང་སིའི་སྤྱི་འདོམས་ཨའེ་ཁེ་ཧོར་ཐེས་བཤད་རྒྱུར། དཀའ་ཚེགས་ཆེ་བའི་གནས་བབ་ཀྱི་མདུན་དུ་ཁེ་ལས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། གཉེར་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས།

ཧྥིན་ལན་མཁའ་འགྲུལ་ཀུང་སིས་ཚེས21ཉིན། ལས་མི150འཕྲི་བའི་ཁྱབ་སྒྲོག་བྱས་པ་དང་། དེས་ལས་མི་ཡོངས་ཀྱི3%ཙམ་ཟིན་ཡོད།

ཆེད་མཁས་པ་མང་པོས། ཡོ་རོབ་གླིང་གི་ནུས་རྒྱུ་མཁོ་སྤྲོད་ཀྱི་མདུན་ལྗོངས་ཡག་པོ་མེད་པ་དང་། ཁེ་ལས་ཀྱི་ལས་མི་འཕྲི་རྣམ་མུ་མཐུད་རྒྱུ་འཁྱོངས་བྱ་རྒྱུ་ཡིན་པས། ཡོ་རོབ་གླིང་གི་ལས་ཞུགས་ཁྲོམ་རར་གནོན་ཤུགས་སྦྱིན་ངེས་ཡིན་པའི་ངོས་འཛིན་བྱས།

འཇར་མན་གྱི་དབྱི་ཧྥུའུ་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཧྥེ་སི་ཐེ་ཡིས་བསྟན་དོན། འཇར་མན་གྱི་བཟོ་ལས་དུས་ཐུང་ནང་ནུས་རྒྱུ་དང་མཁོ་སྤྲོད་མི་འདང་བའི་ཉམས་ཉེན་ལས་གྲོལ་ཐུབ་མོད། འོན་ཀྱང་བཟོ་ལས་ཁེ་ལས་ཀྱི་ནུས་རྒྱུའི་མ་རྩ་མཐོ་བའི་དབང་གིས། རྒྱལ་ནང་དུ་མ་འཇོག་བྱེད་མཚམས་བཞག་ཚེ། འཇར་མན་གྱི་ལས་ཞུགས་ཁྲོམ་རར་ཉེན་ཁ་འཕྲད་རྒྱུ་རེད། ཞིབ་འཇུག་སོའོ་དེའི་སྤྱི་ཁོག་དཔལ་འབྱོར་དང་བརྟག་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཨོའར་ལ་པེ་ཡིས་སྔོན་དཔག་བྱས་པར། འཇར་མན་གྱི་བཟོ་ལས་ཁྱབ་ཁོངས་སུ་ལས་ཞུགས་ཐུབ་ཚད་དོ་མཉམ་པའམ་ཡང་ན་མར་ཆག་རྒྱུ་དང་། དུས་མཚུངས་སུ་སིལ་ཚོང་ལས་རིགས་སུ་ལས་མི་འཕྲི་བའི་གནས་ཚུལ་ཐོན་རྒྱུ་ཡིན་པ་རེད།

ཅེ་ཁེའི་གསོག་འཇོག་དངུལ་ཁང་གི་སྤྱི་ཁོག་དཔལ་འབྱོར་དབྱེ་ཞིབ་པ་སྨི་ཧའར·ཧྲེ་ཁོ་རེ་ཕ་ཡིས་བསྟན་དོན། ནུས་རྒྱུ་དང་དེ་མིན་གྱི་མ་འཇོག་མ་རྩ་འཕར་བའི་གནོན་ཤུགས་འོག ཐོན་སྐྱེད་ཇེ་དལ་དུ་སོང་བ་དེས་ཀུང་སི་མང་པོ་ཞིག་གི་ལས་མི་འཕྲི་པའམ་ཡང་ན། དུས་ཐུང་ལས་བཟོ་པ་གླ་རྒྱུར་བསྒྱུར་སྲིད།   

ལུའོ་ལན་པེ་ཀེ་རྒྱལ་སྤྱིའི་དོ་དམ་བློ་འདྲི་ཚད་ཡོད་ཀུང་སིའི་འཇར་མན་དང་ཨོ་སི་ཁྲུ་རི་ཡ། སུའེ་ཙེར་བཅས་ས་ཁུལ་གྱི་དབུ་བཞུགས་ལག་བསྟར་དཔོན་ས་ཧྲ·ཧ་ཅ་ཉི་ཡིས་བསྟན་དོན། ལས་མི་འཕྲི་པ་ནི་ཁེ་ལས་ཀྱི་མ་རྩ་ཇེ་ཉུང་དུ་གཏོང་བའི“མཐའ་མའི་བྱ་ཐབས”ཤིག་ཡིན། “གལ་ཏེ་དེ་རིང་ཕུལ་བྱུང་གི་ལས་མི་བཏང་ཚེ། སང་ཉིན་ལག་རྩལ་ལས་བཟོ་བ་མི་འདང་བའི་གནད་དོན་གྱིས་ཁེ་ལས་ལ་སླར་ཡང་དཀའ་ངལ་བཟོ་སྲིད”ཅེས་བཤད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།