ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་འཇར་པན་གྱི་ལོ་ངོ་ལྔ་བཅུའི་དམངས་ཁྲོད་མཛའ་མཐུན་ཕོ་ཉའི་ཕྱིར་དྲན་འགྲེམ་སྟོན་ཏུང་ཅིང་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་མགོ་བ་དབྱང་ཡུས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་ལོ་ངོ་ལྔ་བཅུའི་དམངས་ཁྲོད་མཛའ་མཐུན་ཕོ་ཉའི་ཕྱིར་དྲན་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ། 

ཚེས་ཉེར་བརྒྱད་ཉིན་འཇར་པན་དང་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་སྐུལ་འདེད་ཚོགས་པས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་དང་འཇར་པན་གྱི་ལོ་ངོ་ལྔ་བཅུའི་དམངས་ཁྲོད་མཛའ་མཐུན་ཕོ་ཉའི་ཕྱིར་དྲན་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོ་ཏུང་ཅིན་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ནས་སྤེལ། 

ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་པར་རིས་དང་དངོས་རྫས་མང་བོ་ཕྱིར་དྲན་འགྲེམ་སྟོན་སྟེང་འགྲེམ་སྟོན་བྱས་ཏེ། ཀྲུང་གོ་དང་འཇར་པན་གྱི་དམངས་ཁྲོད་མཛའ་མཐུན་འགྲོ་འོང་གི་བརྒྱུད་རིམ་དང་ལོ་རྒྱུས་གསལ་བོར་མངོན་པར་བྱས་ཡོད་ལ། ན་གཞོན་རབས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དུས་རབས་མཛའ་མཐུན་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་ཡོད། 

འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་མགོ་བ་དབྱང་ཡུས་དང་། འཇར་པན་དང་ཀྲུང་གོའི་མཛའ་མཐུན་ཁང་གི་ཀྲུང་གོའི་འཐུས་མི་ལས་འཛིན་པ་ཧོང་ཞིན་ཡོན། འཇར་པན་དང་ཀྲུང་གོའི་རིག་གནས་བརྗེ་རེས་མཐུན་ཚོགས་ཀྱི་ཆེད་དོན་ལས་འཛིན་པ་ཀྲུང་ཡེ་ཞའོ། ཏུང་ཅིང་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རིན་ལོ་ཡུས་ཆོན། འཇར་པན་དང་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་སྐུལ་འདེད་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲུའུ་ཅིན་ནོའུ་སོགས་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མཛའ་མཐུན་མི་སྣ་བྱ་འགུལ་ལ་ཞུགས། 

དབྱང་ཡུས་ཀྱིས་བསྟན་དོན། དམངས་ཁྲོད་ཀྱི་མཛའ་མཐུན་ནི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་སྲོལ་རྒྱུན་ཁྱད་སྟོབས་དང་གྲུབ་ཆ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ན། མི་རབས་ནས་མི་རབས་བར་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མི་སྣས་ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཤིང་། འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་བཏོན་ཡོད། གནས་བབ་གསར་བའི་འོག་ཏུ། ང་ཚོས་ཆེ་ཕྱོགས་དང་རྒྱང་རིང་ལ་དམིགས་ཤིང་། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཟབ་མོ་ཇེ་དྲག་ཏུ་བཏང་ནས། ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་ལས་དོན་ལ་གྲུབ་འབྲས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར། 

འཇར་པན་དང་ཀྲུང་གོའི་རིག་གནས་བརྗེ་རེས་མཐུན་ཚོགས་དང་། ཆོན་མཱ་རྫོང་འཇར་པན་དང་ཀྲུང་གོའི་མཛའ་མཐུན་མཐུན་ཚོགས། ཀྲོའུ་ཨིན་ལའེ་ཞི་བདེ་ཞིབ་འཇུག་ཁང་། འཇར་པན་ཀྲུའུ་ཧྲི་ཚོགས་པའི་ཧོང་ཧྲན་མཛེས་རྩལ་ཁང་། ཅིན་ཆའོ་རྒྱལ་སྤྱིའི་བརྗེ་རེས་ཀྲུའུ་ཧྲི་ཀུང་ཟི་སོགས་ལས་ཁུངས་ཀྱི་འཐུས་མི་སོགས་ཕྱིར་དྲན་འགྲེམ་སྟོན་ལ་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།