ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་དམག་བཀོལ་འཁོར་སྐར་ཞིག་གཏོང་འཕེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་མཁའ་དམག་གིས་ཚེས་ཉེར་བརྒྱད་ཉིན་ཨུ་རུ་སིའི་ནུབ་བྱང་ཕྱོགས་ཀྱི་ཨ་ཨར་ཧན་ཀི་ཨར་སི་ཁི་མངའ་སྡེའི་ཕུའུ་ལེ་ཞེ་ཚི་ཁི་གཏོང་འཕེན་ར་བ་ནས་མཁའ་འགྲུལ་གཏོང་འཕེན་བྱ་བ་སྤེལ་བ་དང་། མནའ་འབྲེལ-2.1bརྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཞིག་བཀོལ་ནས་དམག་བཀོལ་འཁོར་སྐར་གཅིག་སྔོན་ནས་གཏན་འཁེལ་བྱས་པའི་རྒྱུ་ལམ་དུ་བཏང་། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། མའོ་སི་ཁོ་ཡི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་བཅུ་བདུན་སྟེང་། དམག་བཀོལ་འཁོར་སྐར་ཁྱེར་བའི་མནའ་འབྲེལ-2.1bརྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཞིག་ཕུའུ་ལེ་ཞེ་ཚི་ཁི་གཏོང་འཕེན་བ་ར་ནས་བར་སྣང་དུ་འཕགས། འཁོར་སྐར་དེ་འཆར་གཞིའི་དུས་ཚོད་ལྟར་སྔོན་ནས་གཏན་འཁེལ་བྱས་པའི་རྒྱུ་ལམ་དུ་ཞུགས་པ་རེད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཐེངས་འདིར་རྒྱུ་ལམ་དུ་བཏང་བའི་འཁོར་སྐར་དེའི་བྱེ་བྲག་གི་ལས་འགན་གསལ་བོར་བཤད་མེད། མནའ་འབྲེལ-2.1bརྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཐེངས་སྔོན་མར་གཏོང་འཕེན་བྱས་པའི་དུས་ཚོད་ནི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་རེད། སྐབས་ཐོག་དེར་ཡང་དམག་བཀོལ་འཁོར་སྐར་ཞིག་སྔོན་ནས་གཏན་འཁེལ་བྱས་པའི་རྒྱུ་ལམ་དུ་བཏང་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།