ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཁཱ་པོར་གྱི་དབྱི་སི་ལན་ཆོས་ཁང་ཞིག་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། རྒྱལ་ས་ཁཱ་པོར་གྱི་དབྱི་སི་ལན་ཆོས་ཁང་ཞིག་ནས་ཉིན་དེར་མེ་མདའི་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་སེར་དཀྱུས་མ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག་ཡོད། 

ཁཱ་པོར་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཀྲ་ཏི་ལན་གྱིས་བཤད་རྒྱུར། ཉིན་དེའི་སྔ་དྲོར། ཁཱ་པོར་གྱི་ཉེན་ཟོན་ས་ཁུལ་དགུ་བའི་དབྱི་སི་ལན་ཆོས་ཁང་ཞིག་ཏུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བ་དང་། ཤི་རྨས་ཐེབས་མཁན་དག་ནི་ཁྱིམ་ཚང་གཅིག་གི་མི་ཡིན་པ་རེད། འཇབ་རྒོལ་མཁན་གྱིས་མེ་མདས་བརྒྱབ་རྗེས་ཡུལ་དངོས་ནས་བྲོས་བྱོལ་བྱས། 

ཨ་ཧྥུའུ་ཧན་གྱི་བདེ་འཇགས་མི་སྣས་མེ་མདས་བརྒྱབ་པའི་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།