ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་རྒྱལ་སྲུང་བློན་ཆེན་གྱིས་དབྱི་རག་དང་སི་རི་ཡཱའི་མངའ་ཁོངས་ནས་དྲག་ཆས་མི་སྣ་ཉིས་བརྒྱ་དང་ང་བཞི་བསད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཨ་ཁཱ་ཨར་གྱིས་ཚེས་ཉེར་གསུམ་ཉིན་རྒྱལ་ས་ཨན་ཁཱ་ལཱ་ནས་བཤད་རྒྱུར། ཐུར་ཁེ་ཡིས་ཉེ་སྔོན་གྱི་བར་སྣང་འཇབ་རྒོལ་འགུལ་སྐྱོད་ཁྲོད་དབྱི་རག་དང་སི་རི་ཡཱའི་མངའ་ཁོངས་ནས་ཁུའུ་ཨར་ཏི་བཟོ་བའི་ཏང་དང་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གི་ཁོངས་མི་ཉིས་བརྒྱ་དང་ང་བཞི་བསད་ཡོད། 

ཨ་ཁཱ་ཨར་གྱིས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་གྱིས་ཐུར་ཁེའི་མི་སེར་དཀྱུས་མར་འཇབ་རྒོལ་བྱེད་པའི་ཐ་ཤལ་གྱི་བྱ་སྤྱོད་སྤེལ་བ་དང་། ཐུར་ཁེ་ཡིས་བྱ་སྤྱོད་དེར་བཀག་འགོག་བྱེད་རྒྱུ་ཡིན་ལ། མིག་སྔའི་བར་དུ་ཐུར་ཁེ་ཡིས་སྤེལ་བའི་བར་སྣང་འཇབ་རྒོལ་འགུལ་སྐྱོད་ལས་དམིགས་འབེན་བཞི་བརྒྱ་དང་དོན་གཅིག་ལ་ཆམ་ཕབ་བཏང་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།