ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ཧྥུ་ཅི་ཉི་ཡ་མངའ་སྡེ་ཆའེ་སཱ་ཕུས་ཁུ་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཞིག་ཏུ་མེ་མདའི་དོན་རྐྱེན་བྱུང་སྟེ་མི་མང་པོར་ཤི་རྨས་ཐེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས22ཉིན། ཨ་རིའི་ཧྥུ་ཅི་ཉི་ཡ་མངའ་སྡེ་ཆའེ་སཱ་ཕུས་ཁུ་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཞིག་ཏུ་མེ་མདའི་དོན་རྐྱེན་བྱུང་སྟེ་མི་མང་པོར་ཤི་རྨས་ཐེབས། 

ཆའེ་སཱ་ཕུས་ཁུ་གྲོང་ཁྱེར་ཉེན་རྟོག་ཕྱོགས་ཀྱིས་སྨྱན་བྱད་བརྒྱུད་ནས་གནས་ཚུལ་སྤེལ་དོན། ཉིན་དེའི་དགོང་མོའི་ཆུ་ཚོད10དང་སྐར་མ12སྟེང་ཉེན་བརྡའི་ཁ་པར་འབྱོར་མ་ཐག ཉེན་རྟོག་པ་ཡུལ་དངོས་སུ་སོང་བ་ན་མི་འགའ་ཚེ་ལས་འདས་ཤིང་མི་མང་པོར་རྨས་ཕོག་འདུག དེ་ལས་དོག་ཡོད་ཉེས་ཅན་ཡང་འདུས་ཡོད་པ་རེད། མིག་སྔར་གནས་ཚུལ་ཞིབ་རྒྱས་འདོན་སྤྲོད་བྱེད་དཀའ་པར་བཤད། 

ས་གནས་དེ་གའི་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་སའི་ཡུལ་དངོས་ཕྱི་རོལ་དུ་ཉེན་རྟོག་པའི་རླངས་འཁོར་མང་པོ་བསྡད་ཡོད་ལ། ཉེན་རྟོག་པས་ཡུལ་དེའི་སྡོད་དམངས་རྣམས་ཡུལ་དངོས་དང་ཁ་བྲལ་དགོས་ཞེས་རེ་བ་འདོན་བཞིན་ཡོད་པ་རེད། 

ཨ་རིའི“མེ་མདའི་གཏུམ་སྤྱོད་ཡིག་ཚགས”དྲ་ཚིགས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་རུ་ད་ལོར་མེ་མདའི་དོན་རྐྱེན་ཐེངས600ལྷག་བྱུང་ཞིང་། དེ་ལས་ཉུང་མཐར་ཡང་མི་ཁྲི4ལ་ཤི་རྨས་ཐེབས་ཤིང་། མི་ཁྲི4ལྷག་མེ་མདའི་གཏུམ་སྤྱོད་ལས་ཚེ་སྲོག་ཤོར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།