ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་དངོས་སྐྱེལ་མེ་འཁོར་ཞིག་ལྕགས་ལམ་ལས་བརྒལ་ནས་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱ་གར་ལྕགས་ལམ་ཀུང་ཟིའི་མགྲིན་ཚབ་པས་ཚེས་ཉེར་གཅིག་ཉིན་བཤད་པ་ལྟར་ན། དངོས་སྐྱེལ་མེ་འཁོར་ཞིག་ཉིན་དེར་རྒྱ་གར་ཤར་ཕྱོགས་ཀྱི་ཨོ་ཏིས་ཧྲ་མངའ་སྡེ་ནས་ལྕགས་ལམ་ལས་བརྒལ་ཏེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞིར་རྨས་ཕོག་ཡོད། 

མགྲིན་ཚབ་པ་དེས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཆཱ་ཨར་ཁུན་ཏི་མངའ་སྡེ་ནས་ཨོ་ཏིས་ཧྲ་མངའ་སྡེ་རུ་བགྲོད་པའི་དངོས་སྐྱེལ་མེ་འཁོར་ཞིག་ལ་ཅཱ་ཅེ་པུའུ་ཨར་ས་ཁུལ་གྱི་ཀི་ལའེ་ཨར་མེ་འཁོར་ས་ཚིགས་ནས་དོན་རྐྱེན་བྱུང་སྟེ། འཁོར་སྒམ་བརྒྱད་ལྕགས་ལམ་ལས་བརྒལ་ནས་མི་སྣར་ཤི་རྨས་བཟོས་པར་མ་ཟད་ཕྱོགས་གཉིས་ཀྱི་ལྕགས་ལམ་ཁེགས་པ་རེད། 

མགྲིན་ཚབ་པ་དེས་བཤད་རྒྱུར། ལྕགས་ལམ་ལས་བརྒལ་བའི་རྒྱུ་རྐྱེན་ནི་མེ་འཁོར་གྱི་ཁ་ལོ་བས་གློ་བུར་དུ་འགག་ཟྭ་བསྡམས་པའི་རྐྱེན་རེད་ཟེར། དོན་རྐྱེན་དེ་ལས་མེ་འཁོར་ཉི་ཤུ་ལྷག་ལ་འགོར་འགྱངས་བྱས་པ་དང་། གཞན་ཡང་མེ་འཁོར་ཉི་ཤུ་ལྷག་གིས་ལམ་བསྒྱུར་བ་རེད། 


རྩོམ་སྒྲིག་པ། : བདེ་ལེགས་མཚོ།