ཀྲུང་གོ་བོད་ཀྱི་དྲ་བ།

ཐིག་དམར་ཅི་ནེ་ཡ་ཡིས་སྲིད་འཛིན་དང་དབྱི་ཧུའེ་གྲོས་ཚོགས། གྲོང་ཁྱེར་སྲིད་གཞུང་བཅས་འདེམ་བསྐོ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལ་པོ་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ཐིག་དམར་ཅི་ནེ་ཡ་ཡིས་ཚེས20ཉིན་སྲིད་འཛིན་དང་དབྱི་ཧུའེ་གྲོས་ཚོགས། གྲོང་ཁྱེར་སྲིད་གཞུང་བཅས་འདེམ་བསྐོ་བྱས། 

ཐིག་དམར་ཅི་ནེ་ཡ་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་ལས་མངོན་པ་ལྟར་ན། འདེམ་བསྐོའི་འདེམས་ཤོག་དེ་ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད8པ་ནས་མགོ་ཚུགས་ཤིང་དགོང་མོའི་ཆུ་ཚོད6པར་མཇུག་འགྲིལ་ལ། རྒྱལ་ཡོངས་སུ་ཁྱོན་བསྡོམས་འདེམ་དམངས་ཁྲི40ལས་བརྒལ་བ་ཐོ་འགོད་བྱས། 

 རྒྱལ་ཁབ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་མིང་ཐོ་ལྟར་ན། ད་རེས་ཁྱོན་བསྡོམས་བདམ་བྱའི་འོས་མི་གསུམ་ཡོད་དེ། སོ་སོར་ད་ལྟའི་སྲིད་འཛིན་ནམ་སྲིད་འཛིན་ཏང་ཐིག་དམར་ཅི་ནེ་ཡ་དམངས་གཙོ་ཏང་གི་ཀྲུའུ་ཞི་ཨའོ་པི་ཨང་དང་། སྤྱི་ཚོགས་དམངས་གཙོ་མནའ་འབྲེལ་ཏང་གི་ཀྲུའུ་ཞི་པུའུ་ཨའེ་ན་ཝུན་ཐུའུ་ལ·མོ་སུའུ་དབྱི། སྤྱི་ཚོགས་དམངས་གཙོ་མནའ་འབྲེལ་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཨན་ཏེ་ལེ་སི·ཨའེ་སོ་ནོ་བཅས་རེད། 

དབྱི་ཧུའེ་གྲོས་ཚོགས་ཀྱི་འདེམས་བསྐོ་ཁྲོད། ཐིག་དམར་ཅི་ནེ་ཡ་དམངས་གཙོ་ཏང་གིས་སྲིད་ཏང་གཞན་པ14དང་མཉམ་འབྲེལ་བྱས་ནས་གྲུབ་པའི་འདེམ་བསྐོའི་མནའ་འབྲེལ་དང་། སྤྱི་ཚོགས་དམངས་གཙོའི་མནའ་འབྲེལ་ཏང་། སྤྱི་ཚོགས་དམངས་གཙོའི་མནའ་འབྲེལ་བཅས་ཀྱིས་གྲོས་ཁང་གོང་འོག་གཉིས་ནས་ཁྱོན་བསྡོམས་གདན་ཐོ155བརྩོན་ལེན་བྱ་རྒྱུ་རེད། 

དེ་མིན། ཐེངས་འདིའི་འདེམ་བསྐོ་ཁྲོད་ད་དུང་གྲོང་ཁྱེར་སྲིད་གཞུང་གི་གྲོས་མི600ལྷག་འདེམ་བསྐོ་བྱ་རྒྱུ་རེད། 

སྔོན་གྱི་འཆར་གཞི་ལྟར་ན། ཐིག་དམར་ཅི་ནེ་ཡའི་ཙུང་ཐུང་འདེམས་བསྐོ་དེ2023ལོར་འཚོགས་འཆར་ཡོད་མོད། དཔལ་འབྱོར་ཉམས་ཉེན་དང་ནོར་སྲིད་ཀྱི་ཁུར་པོ་སོགས་རྒྱུ་རྐྱེན་གང་མང་གིས་སྔ་སྣུར་བྱས་པ་མ་ཟད། དབྱི་ཧུའེ་གྲོས་ཚོགས་དང་གྲོང་ཁྱེར་སྲིད་གཞུང་གི་འདེམས་བསྐོ་གཉིས་མཉམ་དུ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།