ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་རྒྱལ་ཁབ་མང་པོ་ནས་ནུས་ཁུངས་ཉམས་ཉེན་དང་དངོས་ཟོག་རིན་གོང་མཐོ་བའི་ཐད་རྔམ་སྟོན་ཁྲོམ་སྐོར་གྱི་བྱེད་སྒོ་མང་པོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོས་ནུས་ཁུངས་ཀྱི་ཉམས་ཉེན་དང་དངོས་ཟོག་རིན་གོང་མཐོ་བའི་ཐད་རྔམ་སྟོན་ཁྲོམ་སྐོར་གྱི་བྱེད་སྒོ་ཐེངས་མང་སྤེལ། ཚེས8ཉིན། འཇར་མན་གྱི་མི་ཁྲི1ལྷག་པོ་ལིན་གྲོང་ཁྱེར་ལྟེ་གནས་སུ་འདུ་ཚོགས་བྱས་པ་དང་། མུ་མཐུད་དུ་ཇེ་མཐོར་འགྲོ་བའི་དངོས་ཟོག་རིན་གོང་དང་། དངུལ་ལོར་འགྲེམས་ཐལ་ཤོར་བ། རྒྱལ་ཁབ་ནུས་ཁུངས་བདེ་འཇགས་ལ་འགན་ལེན་མི་ཐོབ་པ་སོགས་ཀྱི་ཐད་ལ་ངོ་རྒོལ་བྱས། པོ་ལིན་དུ་ཉིན་དེར་བརྗོད་དོན་དེ་དང་འདྲ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་བྱེད་སྒོ་བསྡོམས་པས་ཐེངས3སྤེལ་པ་དང་། དེའི་ནང་འཇར་མན་རྒྱལ་ཚོགས་ཐོག་ཁང་མདུན་གྱི་ཐང་ཆེན་དུ་གཉེར་བ་དེ་བྱེད་སྒོ་ཆེས་ཆེ་ཤོས་རེད། ཚེས8ཉིན་ཅེ་ཁེ་རུ་བཟོ་ཚོགས་མང་པོ་ཞིག་གིས་སྒྲིག་འཛུགས་བྱས་པའི་རྔམ་སྟོན་བྱེད་སྒོ་སྤེལ་ཡོད། རྔམ་སྟོན་བྱེད་མཁན་གྱིས་སྲིད་གཞུང་གིས་ཟས་རིགས་དང་ནུས་ཁུངས། གཡར་གླ་སོགས་རིན་གོང་ལ་ཚད་གཞི་བཟོ་དགོས་པ་མ་ཟད་གླ་ཕོགས་དང་ཐོབ་ཆ་སོགས་མཐོ་རུ་གཏོང་དགོས་པའི་རེ་བ་བཏོན་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།