ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་ལྐོག་ནས་སི་རི་ཡཱའི་རྡོ་སྣུམ་སྔོག་འདོན་བྱས་པ་ནི་མཚོ་ཇག་གི་བྱ་སྤྱོད་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། ཨ་མེ་རི་ཁས་རྒྱལ་ཁོངས་བརྒལ་ནས་སི་རི་ཡཱའི་རྡོ་སྣུམ་སྔོག་འདོན་བྱས་པ་ནི་མཚོ་ཇག་གི་བྱ་སྤྱོད་ཡིན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལ་འགལ་ཡོད་ཟེར། 

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁས་མུ་མཐུད་དུ་རང་གི་ཐ་ཆད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཤིང་། སི་རི་ཡཱ་དང་དབྱི་རག་གི་རྒྱལ་ཁོངས་བརྒལ་ནས་སི་རི་ཡཱའི་རྡོ་སྣུམ་སྔོག་འདོན་བྱས་ཏེ་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་སྐྱེལ་འདྲེན་བྱས་པ་ནི་མཚོ་ཇག་གི་བྱ་སྤྱོད་ཅིག་ཡིན་ལ། དེ་ནི་འདས་སོང་གི་མི་སེར་སྤེལ་བའི་དུས་རབས་སུ་ཕྱིར་ལོག་རྩིས་རེད་ཟེར། 

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལ་འགལ་ཡོད་ཟེར། སི་རི་ཡཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒོལ་གཏམ་བཏང་སྟེ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། སི་རི་ཡཱ་ཡིས་འཕྲོག་བཅོམ་དང་བཟོས་པའི་གྱོང་གུད་ཐད་ནས་ཨ་མེ་རི་ཁའི་ཕྱོགས་ནས་སྐྱིན་ཚབ་ལེན་པའི་ཁེ་དབང་སོར་འཇོག་བྱེད་རྒྱུ་ཡིན་ཟེར། 

སི་རི་ཡཱའི་རྡོ་སྣུམ་དང་གཏེར་རྫས་ཐོན་ཁུངས་པུའུ་ཡིས་ད་ལོའི་ཟླ་བརྒྱད་པར་སྤེལ་བའི་གསལ་སྒྲོག་ལྟར་ན། ད་ལོའི་ལོ་སྟོད་དུ་སི་རི་ཡཱའི་རྡོ་སྣུམ་གྱི་ཉིན་རེའི་ཐོན་ཚད་ཟོ་ཁྲི་བརྒྱད་དང་སུམ་བརྒྱ་ཙམ་ཡིན་པ་དང་། དེའི་ནང་རྡོ་སྣུམ་ཟོ་ཁྲི་དྲུག་དང་སྟོང་དྲུག་ཙམ་ཨ་མེ་རི་ཁ་དང་དེའི་རྒྱབ་སྐྱོར་ཐོབ་པའི་དྲག་ཆས་པས་ཤར་ཕྱོགས་ས་ཁུལ་ནས་བཙན་བཟུང་བྱས་པའི་སྣུམ་ཞིང་ལས་སྔོག་འདོན་བྱས་པ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།