ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་གཏམ་བཤད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་གོ་ཅིན་རྒྱལ་ཁབ་ཀྱི་བདག་དབག་དང་བདེ་འཇགས། མངའ་ཁོངས་ཆ་ཚང་བ་བཅས་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་འཐུས་ཚབ་ཀྱིས་ཚེས་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ང་གཅིག་པའི་སྟེང་འགྲོ་མིའི་ཐོབ་ཐང་དང་ཆེད་མཁས་པའི་ཁོང་གོ་ཅིན་གྱི་སྙན་ཞུའི་ཐད་ནས་བསྡུས་པའི་གྲོས་མོལ་ཚོགས་འདུའི་སྟེང་གཏམ་བཤད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་གོ་ཅིན་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་བ་བཅས་ལ་བརྩི་བཀུར་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀྲུང་གོའི་འཐུས་ཚབ་ཀྱིས་བསྟན་དོན། ཁོང་གོ་ཅིན་གྱི་གནས་བབ་འཕེལ་ཕྱོགས་དེ་ཨ་ཧྥེ་རི་ཁ་དབུས་ནུབ་དང་ཐ་ན་ཨ་ཧྥེ་རི་ཁ་གླིང་ཧྲིལ་བོའི་ཞི་བདེ་དང་གཏན་འཇགས་ལ་འབྲེལ་བ་ཡོད། ཀྲུང་གོས་ཁོང་གོ་ཅིན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་རྒྱལ་ཁབ་ཀྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་ཡར་སྐུལ་བྱེད་པར་མུ་མཐུད་འབད་བརྩོན་བྱེད་རྒྱུ་དང་། གྲོས་མོལ་གྲོས་སྡུར་བརྒྱུད་ནས་འགལ་བ་ལུགས་མཐུན་གྱིས་ཐག་གཅོད་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོས་དུས་ནམ་ཡང་ཨ་ཧྥེ་རི་ཁ་པས་ཨ་ཧྥེ་རི་ཁའི་བྱེད་ཐབས་སྤྱད་དེ་ཨ་ཧྥེ་རི་ཁ་གླིང་གི་གནད་དོན་ཐག་གཅོད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཁོང་གོ་ཅིན་གྱིས་དཔལ་འབྱོར་གོང་སྤེལ་དང་དམངས་ཚིས་ལེགས་སྒྱུར། རིམས་ནད་སྣ་ཚོགས་ལ་ཁ་གཏད་འཇལ་བ་བཅས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ཞི་བདེ་སྲུང་སྐྱོབ་དམག་དཔུང་མངགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོང་གོ་ཅིན་དུ་སྤེལ་བའི་བདེ་སྲུང་འགུལ་སྐྱོད་ལ་ཞུགས་ཡོད་ཟེར།

ཀྲུང་གོའི་འཐུས་ཚབ་ཀྱིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་བ་བཅས་ལ་བརྩི་བཀུར་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་། ཁོང་གོ་ཅིན་གྱིས་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ལེགས་སྒྱུར་བྱེད་པར་འཛུགས་སྐྲུན་རང་བཞིན་གྱི་རོགས་རམ་བྱེད་འོས། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ཁོང་གོ་ཅིན་གྱི་ཡུན་སྐྱོང་བདེ་འགོད་དང་རྒྱུན་སྲིང་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།