ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་འཇར་པན་གཞུང་ཚབ་ཞིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཕག་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། ཧྥུའུ་ལ་ཏི་བོ་སི་ཐའོ་ཁི་རུ་སྡོད་པའི་འཇར་པན་གཞུང་ཚབ་ཁང་གི་གཞུང་ཚབ་ཞིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པ་དང་། ཁོ་རང་དུས་ཚོད་48ནང་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན། 

གསལ་སྒྲོག་ལས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཨུ་རུ་སིར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཁང་གི་གཞུང་ཚབ་རིམ་པའི་ཚན་ཙན་ལ་ཐུག་འཕྲད་བྱས་ཏེ། ཧྥུའུ་ལ་ཏི་བོ་སི་ཐའོ་ཁི་རུ་སྡོད་པའི་འཇར་པན་གཞུང་ཚབ་ཁང་གི་གཞུང་ཚབ་ཀྱིས་རང་གི་ཐོབ་ཐང་དང་མི་འཚམ་ལ། ཨུ་རུ་སིའི་བདེ་འཇགས་ཁེ་ཕན་ལ་གནོད་པའི་བྱ་འགུལ་སྤེལ་བའི་ཐད་ནས་འཇར་པན་ཕྱོགས་ལ་སྙན་ཞུ་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་གཞུང་ཚབ་དེ་དགའ་བསུ་མི་བྱེད་པའི་མི་སྣར་ཁྱབ་བསྒྲགས་བྱས་པར་མ་ཟད། ཁོ་རང་དུས་ཚོད48ནང་ཨུ་རུ་སིའི་མངའ་ཁོངས་དང་འབྲལ་དགོས་དགོས་པའི་རེ་བ་བཏོན་ཡོད་ཟེར། 

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཉིན་དེར། གསར་འགྱུར་ལས་རིགས་ལ་ཧྥུའུ་ལ་ཏི་བོ་སི་ཐའོ་ཁི་རུ་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཁང་གི་གཞུང་ཚབ་དེ། ཨུ་རུ་སིའི་མཚོ་འགྲམ་མཐའ་མཚམས་ས་ཁུལ་དུ་གསང་མྱུལ་བའི་བྱ་འགུལ་སྤེལ་སྐབས་ཡུལ་དངོས་ནས་འཛིན་བཟུང་བྱས་པ་ཡིན་ཞེས་བཤད། ། 

རྩོམ་སྒྲིག་པ། : ཕག་གྲུབ།