ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡིས་སྐུ་གཤེགས་པའི་རྒྱལ་མོ་དབྱེ་ལོས་ཧྲ་པེ་སྐུ་ཕྲེང་གཉིས་པར་དུར་འཇུག་མཛད་སྒོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་དགུ་བའི་ཚེས་བཅུ་དགུ་ཉིན། དབྱིན་ཇིའི་ལོན་ཏོན་ནས། དབྱིན་ཇིའི་རྒྱལ་མོ་དབྱེ་ལོས་ཧྲ་པེ་སྐུ་ཕྲེང་གཉིས་པའི་པུར་སྒམ་དྲུད་པའི་རླངས་འཁོར་པེ་ཅིན་ཧན་ཕོ་བྲང་གི་ཉེ་འདབས་བརྒྱུད་ནས་བགྲོད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇི་ཡིས་ཚེས་བཅུ་དགུ་ཉིན་སྐུ་གཤེགས་པའི་རྒྱལ་མོ་དབྱེ་ལོས་ཧྲ་པེ་སྐུ་ཕྲེང་གཉིས་པར་དུར་འཇུག་མཛད་སྒོ་སྤེལ་བ་དང་། དབྱིན་ཇིའི་རྒྱལ་བོ་ཚང་གི་ཁོངས་མི་དང་སྲིད་གཞུང་གི་དཔོན་རིགས། ཆོས་ལུགས་མི་སྣ། ཕྱི་རྒྱལ་དུ་ཡོད་པའི་རྒྱལ་བོ་ཚང་གི་ཁོངས་མི། ཆབ་སྲིད་མགོ་ཁྲིད་པ་གཙོ་བོ་སོགས་མཛད་སྒོར་ཞུགས། 

ལོན་ཏོན་གྱི་ཝེ་སི་མེན་སི་ཐི་ཆོས་ཁང་ནས་སྤེལ་བའི་དུར་འཇུག་མཛད་སྒོ་དེར་ཧ་ལམ་དུས་ཚོད་གཅིག་ཙམ་འགོར། དུར་འཇུག་མཛད་སྒོ་མཇུག་སྒྲིལ་སྐབས་དབྱིན་ཇིའི་རྒྱལ་ཡོངས་ནས་སྐར་མ་གཉིས་རིང་མྱ་ངན་ཞུས། 

ས་དེའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་མོའི་པུར་སྒམ་ལོན་ཏོན་ནུབ་ངོས་ཀྱི་ཝུན་ཧྲ་མཁར་དུ་བསྐྱལ་བ་དང་། ཉིན་དེའི་ཕྱི་དྲོར་རྒྱལ་མོའི་པུར་སྒམ་ཚེ་འདས་ཁྱོ་ཀའི་པུར་སྒམ་དང་མཉམ་དུ་དུར་འཇུག་བྱས། 

དབྱེ་ལོས་ཧྲ་པེ་སྐུ་ཕྲེང་གཉིས་པ་ཚེས་བརྒྱད་ཉིན་སུའུ་ཀི་ལན་གྱི་པཱ་ཨར་མའོ་ལེ་ཨར་བཙན་རྫོང་ནས་ཚེ་ལས་འདས་པ་དང་། དགུང་ལོ་གོ་དྲུག་རེད། མོས་གཅིག་སྟོང་དགུ་བརྒྱ་ང་གཉིས་ལོར་རྒྱལ་བོའི་གོ་གནས་རྒྱུན་འཛིན་བྱས་ལ། དབྱིན་ཇིའི་ལོ་རྒྱུས་སྟེང་འགན་ཁུར་ཡུན་ཆེས་རིང་བའི་རྒྱལ་བོ་ཞིག་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།