ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་དངུལ་ལོར་ཚད་བརྒལ་འགྲེམས་པ་ཇེ་ཉུང་དུ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ལ་མིང་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་པར་བླངས་པའི་ཕོ་བྲང་དཀར་པོའི་རྣམ་པ་རེད། 

2.jpg

འདི་ནི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་པར་བླངས་པའི་ཕོ་བྲང་དཀར་པོའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅུ་དྲུག་ཉིན་ཕོ་བྲང་དཀར་པོ་ནས་དངུལ་ལོར་ཚད་བརྒལ་འགྲེམས་པ་ཇེ་ཉུང་དུ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ལ་མིང་བཀོད། བཅའ་ཁྲིམས་འཆར་ཟིན་ལ་མ་འོངས་པའི་ལོ་བཅུའི་ནང་མེ་སྒོར་ཁྲག་ཁྲིག་བཞི་དང་ཐེར་ཆེན་གསུམ་ཙམ་བཏང་ནས་ནམ་ཟླ་དང་དག་གཙང་ནུས་ཁུངས། དེ་མིན་སྨན་བཅོས་བདེ་སྲུང་ཁྱབ་ཁོངས་སུ་བཀོལ་བ་སོགས་ནང་དོན་འདུས། 

བཅའ་ཁྲིམས་འཆར་ཟིན་དེ་ལྟར་ན། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ནམ་ཟླ་དང་དག་གཙང་ནུས་ཁུངས་ཁྱབ་ཁོངས་སུ་མེ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་བདུན་གཏོང་རྒྱུ་ཡིན་པ་དང་། སྨན་བཅོས་བདེ་སྲུང་ཁྱབ་ཁོངས་སུ་མེ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་བཞི་ཙམ་བཏང་སྟེ་སྨན་གྱི་རིན་གོང་ཇེ་དམའ་རུ་གཏོང་བ་དང་སྨན་བཅོས་འགན་སྲུང་ལ་ཤུགས་སྣོན་བྱེད་རྒྱུ་རེད། བཅའ་ཁྲིམས་འཆར་ཟིན་ལ་ཁེ་ལས་ཆེ་གྲས་སྐོར་ཞིག་ལ་བརྒྱ་ཆའི་བཅོ་ལྔའི་ཆེས་དམའ་བའི་ཁྲལ་དངུལ་བསྡུ་བ་སོགས་ཀྱི་ནང་དོན་འདུས་ཡོད་ལ། མ་འོངས་པའི་ལོ་ངོ་བཅུའི་ནང་མེ་སྒོར་ཁྲག་ཁྲིག་བདུན་དང་ཐེར་ཆེན་བཞི་ཙམ་གྱི་ནོར་སྲིད་ཡོང་འབབ་བསྐྲུན་པར་བརྩོན་ལེན་བྱེད་རྒྱུ་རེད། 

རྒྱལ་ཚོགས་ཀྱི་ཁྲལ་བསྡུ་དང་སྔོན་རྩིས་གཞུང་སྒྲུབ་ཁང་གི་དབྱེ་ཞིབ་ལས་བཤད་པ་ལྟར་ན། བཅའ་ཁྲིམས་འཆར་ཟིན་དེ་ལས་རྒྱལ་ཕྲན་མཉམ་འབྲེལ་གྱི་འགྲོ་སོང་མེ་སྒོར་ཁྲག་ཁྲིག་གསུམ་ལྷག་ཇེ་ཉུང་དུ་གཏོང་རྒྱུ་རེད་ཟེར། 

ཟླ་འདིའི་ཟླ་མགོར། རྒྱལ་ཚོགས་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གིས་སྔ་གཞུག་ཏུ་བཅའ་ཁྲིམས་འཆར་ཟིན་དེར་གྲོས་མཐུན་བཀོད་པ་རེད། གྲོས་ཁང་གཉིས་ཀྱིས་འདེམ་ཤོག་འཕེན་སྐབས་ཏང་ཁག་གཉིས་ཀྱི་ལངས་ཕྱོགས་ལ་འགལ་བ་ཚབས་ཆེན་ཡོད། དམངས་གཙོ་ཏང་གི་གྲོས་མི་གཅིག་གྱུར་ཡིད་འཐད་བྱུང་བ་དང་། སྤྱི་མཐུན་ཏང་གི་གྲོས་མིས་རྒྱབ་སྐྱོར་གྱི་འདེམ་ཤོག་འཕེན་མཁན་གཅིག་ཀྱང་མེད། 

དམངས་གཙོ་ཏང་གིས་བཅའ་ཁྲིམས་འཆར་ཟིན་དེས་དངུལ་ལོར་ཚད་བརྒལ་འགྲེམས་པ་དང་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་གནད་དོན་ཞི་འཇགས་སུ་གཏོང་ཐུབ་པར་བཤད་ཀྱང་། སྐྱོན་བརྗོད་མཁན་གྱིས་བལྟས་ན་དངུལ་ལོར་ཚད་བརྒལ་འགྲེམ་པར་ཚོད་འཛིན་བྱེད་པའི་ངོ་བོའི་ནུས་པ་མངོན་གསལ་མིན་པར་འདོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།