ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ལྷོ་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཚེས་གཉིས་ཉིན་གྱི་དགོང་མོར་ཨེ་ཅིབ་ལྷོ་ཕྱོགས་ཀྱི་སོ་ཧཱ་ཅེ་ཞིང་ཆེན་གྱི་བྱེ་ཐང་གི་གཞུང་ལམ་སྟེང་ཐོ་བརྒྱབ་སྟེ། ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཞིར་རྨས་ཕོག་ཡོད་ཟེར། 

སོ་ཧཱ་ཅེ་ཞིང་ཆེན་གྱི་ཧྲིན་ཀྲང་ཐཱ་ལི་ཁི་ཧྥེ་ཅི་ཡིས་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དོན་རྐྱེན་བྱུང་རྗེས། མྱུར་སྐྱོབ་རླངས་འཁོར་བཅོ་ལྔ་དུས་ལྟར་དོན་རྐྱེན་བྱུང་སར་འབྱོར་ནས་རྒུད་སྐྱོབ་བྱ་བ་སྤེལ་བ་དང་། རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དེའི་ཁ་ལོ་བས་ཁ་གཏད་ནས་ཡོང་བའི་དངོས་སྐྱེལ་རླངས་འཁོར་དེ་ཡོལ་རྩིས་བྱེད་སྐབས་རླངས་འཁོར་མགྱོགས་དྲག་ནས་དོན་རྐྱེན་བྱུང་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།