ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཏཱ་ཀ་སི་ཁཱའི་ཙུང་ཐུང་གིས་ཉེས་ཅན་གྱིས་བསམ་བཞིན་མེར་གཏོང་དོན་རྐྱེན་བཟོས་པར་རྟོག་ཞིབ་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ཏཱ་ཀ་སི་ཁཱའི་ཙུང་ཐུང་ལཱ་ཆའོ་ལེ་ནཱ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཨ་ཁཱ་ཙུའུ་པེ་ས་ཁུལ་ཆེན་མོ་ནས་ཉེ་སྔོན་བྱུང་བའི་ཉེས་ཅན་གྱིས་བསམ་བཞིན་མེར་བཏང་བའི་དོན་རྐྱེན་བཟོས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། འབྲེལ་ཡོད་སྡེ་ཁག་གིས་མྱུར་མོར་དོན་རྐྱེན་དེར་རྩད་གཅོད་བྱས་ཏེ་ཉེས་ཅན་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན། 

མཱ་ཏཱ་ཀ་སི་ཁཱའི་རྒྱལ་སྲུང་པུའུ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་སྙན་ཞུ་ཕུལ་ཏེ། ཚེས་ཉེར་དགུ་ཉིན་གྱི་ཞོགས་པར། ཉེས་ཅན་སྐོརཨ་ཁཱ་ཙུའུ་པེ་ས་ཁུལ་ཆེན་མོའི་སྡེ་བ་ཞིག་ཏུ་སོང་ནས། ཁང་བ་མེར་བཏང་སྟེ་མི་སོ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར། མཱ་ཏཱ་ཀ་སི་ཁཱའི་རྒྱལ་སྲུང་པུའུ་ཀྲང་ལཱ་ཁུའུ་ཐུའུ་ནེ་ལི་ནཱ་ཡིས་ཚེས་སུམ་ཅུ་ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། རྒྱལ་སྲུང་པུའུ་ཡིས་གྱེན་འཕུར་གནམ་གྲུ་སོགས་མངག་ནས་ས་ངོས་ཀྱི་བདེ་འཇགས་མི་སྣར་རོགས་འདེགས་བྱས་པ་དང་། ནུས་པ་གང་ཡོད་ཀྱིས་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་བཞིན་ཡོད་ཟེར།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་བསམ་བཞིན་མེར་བཏང་བའི་དོན་རྐྱེན་དེ་ནི་ས་དེའི་བ་གླང་རྐུ་མཁན་གྱིས་སྡེ་མིས་ཉེན་རྟོག་ཕྱོགས་ལ་རམ་འདེགས་བྱས་ཏེ་བ་གླང་རྐུ་བའི་བྱ་སྤྱོད་ལ་ཆམ་ཕབ་བཏང་བར་འཁོན་ལན་སློག་པ་ཡིན་ཡང་སྲིད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།