ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ཁི་ལཱ་མཱ་ཞིན་ཧཱ་སིང་ག་ལཱའི་ཙུང་ཐུང་དུ་བདམས་ཐོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། སིང་ག་ལཱའི་ཁི་ལོན་ཕའོ་ནས་བླངས་པའི་ཝེ་ཁི་ལཱ་མཱ་ཞིན་ཧཱ་ཡིས་དམ་བཅའ་བཞག་སྟེ་གནས་སྐབས་ཙུང་ཐུང་གི་འགན་ཁུར་བའི་རྒྱུ་ཆའི་པར་རིས་རེད། 

2.jpg

ཟླ་བདུན་པའི་ཚེས་ཉི་ཤུ་ཡིན། སིང་ག་ལཱའི་རྒྱལ་ས་ཁི་ལོན་ཕའོ་ནས། དམག་མིས་གྲོས་ཁང་གི་སྒོ་ཁར་འགོག་སྲུང་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱའི་གྲོས་ཁང་གིས་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་དོན། ཉིན་དེའི་གྲོས་ཁང་གི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་སྐབས། གནས་སྐབས་ཀྱི་ཙུང་ཐུང་ཝེ་ཁི་ལཱ་མཱ་ཞིན་ཧྭ་ལ་ཕྱེད་གྲངས་བརྒལ་བའི་འདེམ་ཤོག་ཐོབ་ནས་སིང་ག་ལཱའི་ཙུང་ཐུང་དུ་བདམས་ཐོན་བྱུང་ཡོད་ཟེར། 

གྲོས་ཁང་གིས་ཁྱབ་བསྒྲགས་བྱས་པའི་འདེམ་ཤོག་རྩིས་ལེན་གྱི་མཇུག་འབྲས་ལྟར་ན། ཙུང་ཐུང་གི་འདེམ་སྒུག་མི་སྣ་གསུམ་གྱི་ཁྲོད། ཝེ་ཁི་ལཱ་མཱ་ཞིན་ཧྭ་ལ་འདེམ་ཤོག་བརྒྱ་དང་སོ་བཞི་ཐོབ་པ་དང་། མི་དམངས་འཐབ་ཕྱོགས་ཏང་གི་གྲོས་མི་ཨ་ལཱ་ཧཱ་ཕའེ་ལུའུ་མཱ་ལ་འདེམ་ཤོག་གྱ་གཉིས་ཐོབ་ཡོད་ལ། རྒྱལ་ཁབ་མི་དམངས་སྟོབས་ཤུགས་ཏང་གི་མགོ་ཁྲིད་པ་ཏིས་སཱ་ནཱ་ཡཱ་ཁི་ལ་འདེམ་ཤོག་གསུམ་ཐོབ་ཡོད། 

ཝེ་ཁི་མཱ་ལཱ་ཞིན་ཧྭ་ཙུང་ཐུང་དུ་བདམས་ཐོན་བྱུང་རྗེས་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། ཕྱོགས་ཁག་སོ་སོས་རང་དང་མཉམ་ལས་བྱས་ནས་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་དཀའ་ཁག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ལཱ་ཅཱ་ཕཱ་ཁི་སཱ་ལ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པར་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་ཡིན་དང་། འགན་ཡུན་ལོ་ངོ་ལྔ་རེད། སིང་ག་ལཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གི་འགན་ཡུན་མ་ལོངས་པར་ལས་ཁུར་དགོངས་ཞུ་བྱས་ན། གྲོས་ཁང་གིས་དུས་ཡུན་ཐུང་ངུའི་ནང་ཙུང་ཐུང་གསར་བ་འདེམ་བསྐོ་བྱས་ཏེ་དེའི་འགན་ཡུན་ཡོངས་འགྲུབ་བྱེད་དགོས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།