ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལག་བསྟར་ལས་འཛིན་པས་རྒྱལ་སྤྱིའི་སྤྱི་ཚོགས་གཞི་རྒྱ་ཆེ་བའི་ལྟོགས་སྡུག་ཉེན་ཁར་འཕྲད་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལག་བསྟར་ལས་འཛིན་པ་པུས་སི་ལེ་ཡིས་བཤད་རྒྱུར། གལ་ཏེ་མིག་སྔའི་འབྲུ་རིགས་ཉམས་ཉེན་སྣང་མེད་དུ་བསྐྱུར་ན། རྒྱལ་སྤྱིའི་སྤྱི་ཚོགས་གཞི་རྒྱ་ཆེ་བའི་ལྟོགས་སྡུག་དང་ཆབ་སྲིད་འགྱུར་ལྡོག ཚོད་འཛིན་དཀའ་བའི་གནས་སྤོར་སྡོད་དམངས་བཅས་ཀྱི་ཉེན་ཁར་འཕྲད་སྲིད་ཟེར། 

བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་དེས་སང་ལོའི་གནས་ཚུལ་ད་ལྟ་ལས་ལྷག་ཏུ་སྡུག་སྲིད་པའི་ཉེན་བརྡ་བཏང་། ཁོས་ད་རུང་ཚོད་དཔག་བྱས་དོན། མ་འོངས་པའི་ཟླ་ངོ་དྲུག་ནས་བཅུ་གཉིས་ནང་། འཛམ་གླིང་ཧྲིལ་བོའི་འབྲུ་རིགས་རིན་གོང་ཇེ་མཐོར་འགྲོ་བའི་དཀའ་སྡུག་ལ་འཕྲད་སྲིད། གལ་ཏེ་གནད་དོན་དེ་ཐག་གཅོད་མ་ཐུབ་ན། འཛམ་གླིང་ཧྲིལ་བོར་འབྲུ་རིགས་དཀོན་པའི་སྣང་ཚུལ་འབྱུང་སྲིད་ཟེར། 

པུས་སི་ལེ་ཡིས་ད་རུང་བསྟན་དོན། ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་འཛམ་གླིང་ཡོངས་ཀྱི་ཚོང་རའི་ལུད་རྫས་མཁོ་འདོན་ལ་ཚད་བཀག་ཐེབས་པའི་དབང་གིས་གནས་ཚུལ་དེ་སྔར་ལས་ཚབས་ཆེན་དུ་འགྱུར་སྲིད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།