ཀྲུང་གོ་བོད་ཀྱི་དྲ་བ།

པའེ་ཏེན་གྱིས་དབྱི་ལིང་གི་ཉིང་རྡུལ་གྲོས་མོལ་ཡང་བསྐྱར་ལག་བསྟར་བྱེད་རྒྱུ་རེ་བ་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར།རེ་བ་ཡིན་ན་དབྱི་ལིང་གི་ཉིང་རྡུལ་གྲོས་མོལ་ཡང་བསྐྱར་ལག་བསྟར་བྱེད་རྒྱུ་དང་ཕྱི་འབྲེལ་ནི་དབྱི་ལིང་ལ་ཉིང་རྡུལ་མཚོན་ཆ་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་བྱེད་ཐབས་ཆེས་བཟང་ཤོས་ཡིན།

པའེ་ཏིན་གྱིས་དབྱི་སི་རལ་གྱི་ཙུང་ལི་ལཱ་ཕི་ཏི་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་གོང་གི་རེ་འདོད་དེ་བཤད་པ་རེད།ཕྱོགས་གཉིས་ཀྱིས་ཉིན་དེའི་གྲོས་མོལ་ཁྲོད་དབྱི་ལིང་གི་ཉིང་རྡུལ་གནད་དོན་དང་།ཕ་ཁི་སི་ཐན་དང་དབྱི་སི་རལ་བར་གྱི་གནད་དོན།དབྱི་སི་རལ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བ་སོགས་ཀྱི་ཐད་གྲོས་མོལ་བྱས།

དེ་ལས་གཞན་དབྱི་སི་རལ་གྱི་ཡེ་ལུའུ་སཱ་ལིན་སྦྲགས་སྲིད་ཚགས་པར་སྟེང་བསྒྲགས་པ་ལྟར་ན།ལཱ་ཕི་ཏི་ཡིས་གྲོས་མོལ་ཁྲོད་དབྱི་ལིང་གི་ཉིང་རྡུལ་གྲོས་མོལ་ཡང་བསྐྱར་ལག་བསྟར་བྱེད་པར་དུས་ཚོད་ཀྱི་ཚད་བཀག་གཏན་ཁེལ་བྱེད་དགོས་པའི་གྲོས་འགོ་བཏོན་ཡང་པའེ་ཏིན་དེར་འཐད་པ་མ་བྱུང་།

པའེ་ཏིན་ཚེས་བཅུ་གསུམ་ཉིན་དབྱི་སི་རལ་ལ་འབྱོར་བ་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་དབུས་ཤར་ས་ཁུལ་གྱི་འཚམས་འདྲི་བྱེད་འགོ་བརྩམས།ཚེས་བཅོ་ལྔ་ཉིན་པའེ་ཏིན་གྱིས་ཕ་ཁུ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུས་འགྲམ་ས་ཁུལ་དུ་འཚམས་འདྲི་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།