ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་དྲུག་པའི་ནང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ལས་ཤོར་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔ་ལ་ཇེ་དམའ་རུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡའི་བསྡོམས་རྩིས་ཅུའུ་ཡིས་ཚེས་བཅུ་བཞི་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་དྲུག་པའི་ནང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ལས་ཤོར་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔ་ལ་ཇེ་དམའ་རུ་སོང་བ་དང་། དེ་ནི་གཅིག་དགུ་དོན་བཞི་ལོའི་ཟླ་བརྒྱད་པའི་ཚུན་གྱི་ཆེས་དམའ་བའི་ཆུ་ཚད་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་དྲུག་པའི་ནང་ཨོ་སི་ཁྲུ་ལི་ཡའི་ལས་ཞུགས་མི་གྲངས་སྔོན་ལོའི་དུས་མཉམ་དང་བསྡུར་ན་ཁྲི་བརྒྱད་དང་སྟོང་བརྒྱད་ཇེ་མང་ལ་སོང་བ་དང་། ལས་ཤོར་མི་གྲངས་སྔོན་ལོའི་དུས་མཉམ་དང་བསྡུར་ན་ཁྲི་ལྔ་དང་སྟོང་བཞི་ཇེ་ཉུང་དུ་སོང་།

ཨོ་སི་ཁྲུ་ལི་ཡའི་བསྡོམས་རྩིས་ཅུའུ་ཡི་ངལ་རྩོལ་པ་སྡོམ་རྩིས་བྱེད་པའི་གཙོ་འགན་འཁུར་མཁན་པུས་ཡོ་ཨུན་ཡ་ཝེ་སི་ཡིས་བཤད་རྒྱུར། གཞི་གྲངས་ལ་འགྱུར་ལྡོག་བྱུང་བ་ལས་ངལ་རྩོལ་པའི་ཚོང་རའི་དགོས་མཁོ་ཅུང་མཐོ་ལ། ཡིན་ནའང་ཟླ་དྲུག་པར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཇེ་མང་དུ་སོང་བ་དང་དགུན་ཚུགས་པའི་ཚུན་ལ་ཆམ་ནད་ཕོག་མཁན་ཡང་ཇེ་མང་དུ་སོང་བས། ཟླ་དེར་ལས་རིགས་སོ་སོས་བྱ་བ་སྒྲུབ་པའི་སྤྱིའི་དུས་ཚོད་སྔོན་ལོའི་དུས་མཉམ་དང་བསྡུར་ན་ཇེ་ཐུང་དུ་སོང་ཞིང་། མི་འབུམ་བདུན་དང་ཁྲི་བརྒྱད་ཙམ་ལ་ནད་ཕོག་པའི་དབང་གིས་བྱ་བ་སྒྲུབ་པའི་དུས་ཚོད་ཇེ་ཐུང་དུ་སོང་བ་དང་། དེ་ནི་ཕལ་ཆེར་སྔོན་ལོའི་དུས་མཉམ་གཞི་གྲངས་ཀྱི་ལྡབ་གཉིས་ཇེ་ཉུང་དུ་སོང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།