ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་ལྔ་དང་བྱེ་བ་ལྔ་ས་ཡ་གཉིས་འབུམ་ལྔ་སྟོང་བཞི་དྲུག་བརྒྱ་ཉེར་དགུ་ལ་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་ལྔ་དང་བྱེ་བ་ལྔ་ས་ཡ་གཉིས་འབུམ་ལྔ་སྟོང་བཞི་དྲུག་བརྒྱ་ཉེར་དགུ་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན།    ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་བཅུ་གཅིག་ཉིན་གྱི་ཆུ་ཚོད་བཅུ་བདུན་དང་སྐར་མ་ཉེར་བཞིའི་སྟེང་།    འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་བདུན་སྟོང་གཅིག་བདུན་བརྒྱ་ཉེར་གཅིག་ཇེ་མང་དུ་སོང་སྟེ་བསྡོམས་པས་ནད་པ་དུང་ཕྱུར་ལྔ་དང་བྱེ་བ་ལྔ་ས་ཡ་གཉིས་འབུམ་ལྔ་སྟོང་བཞི་དྲུག་བརྒྱ་ཉེར་དགུ་ལ་སླེབས་ཡོད།   རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སུམ་བརྒྱ་གྱ་བརྒྱད་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་དྲུག་དང་འབུམ་གསུམ་ཁྲི་བཞི་སྟོང་བདུན་བརྒྱད་བརྒྱ་བཅུ་དྲུག་ལ་སླེབས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།