ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ལན་ཁའི་གྲོས་ཚོགས་ཀྱིས་ཟླ་འདིའི་ཚེས20ཉིན་སྲིད་འཛིན་གསར་པ་འདེམས་བསྐོ་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས11ཉིན། སི་རི་ལན་ཁའི་གྲོས་དཔོན་ཨ་པེ་ཝ་ཏེ་ན་ཡིས་སི་རི་ལན་ཁའི་གྲོས་ཚོགས་ཀྱིས་ཟླ་འདིའི་ཚེས20ཉིན་སྲིད་འཛིན་གསར་པ་འདེམས་བསྐོ་བྱ་རྒྱུ་རེད་ཅེས་བཤད།

ཨ་པེ་ཝ་ཏེ་ན་ཡིས་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། སི་རི་ལན་ཁའི་སྲིད་ཏང་གི་མགོ་ཁྲིད་པས་ཉིན་དེར་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་གྲོས་ཚོགས་དེ་ཟླ་འདིའི་ཚེས15ཉིན་འཚོག་རྒྱུ་དང་། ཚེས19ཉིན་སྲིད་འཛིན་འོས་མིའི་མིང་འདོན་དང་ལེན་བྱ་རྒྱུ། ཚེས20ཉིན་སྲིད་འཛིན་གསར་པ་འདེམས་བསྐོ་བྱ་རྒྱུ་བཅས་གཏན་འབེབས་བྱས་པ་མ་ཟད། སྲིད་འཛིན་གསར་པས་ཏང་ཤོག་ཁག་ཞུགས་པའི་སྲིད་གཞུང་གསར་བ་འཛུགས་པར་འགན་འཁུར་རྒྱུ་རེད།

ཚེས9ཉིན་སི་རི་ལན་ཁའི་སྲིད་འཛིན་ཀུ་ཐ་པ་ཡ·ལཱ་ཅ་ཕ་ཁེ་ས་ཡིས་ཨ་པེ་ཝ་ཏེ་ན་ལ་ཟླ་འདིའི་ཚེས13ཉིན་ནས་ལས་ཁུར་དགོངས་ཞུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཚེས9ཉིན། སི་རི་ལན་ཁའི་ཙུང་ལིའི་གཞུང་དོན་ཁང་གིས། ཙུང་ལི་ཝེ་ཁེ་ལ་མཱ་ཤིན་ཧ་ཡིས་ལས་ཁུར་དགོངས་ཞུ་བྱེད་འདོད་ཡོད་པ་ནི་ཏང་ཤོག་ཁག་ཞུགས་པའི་སྲིད་གཞུང་གསར་པ་འཛུགས་པར་ཕན་ཐོགས་ཆེ་བར་བསྟན།

ཚེས9ཉིན་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོར་རྒོལ་གཏམ་གཏོང་བའི་བྱེད་སྒོ་སྤེལ་བ་རེད། ཉིན་དེའི་ཕྱི་དྲོར། ཝེ་ཁེ་ལ་མཱ་ཤིན་ཧ་ཡིས་བྲེལ་མྱུར་སྒོས་སྲིད་ཏང་ཚོགས་འདུ་བསྡུས་ཏེ་མིག་སྔའི་དུས་བབ་ལ་གྲོས་བསྡུར་དང་ཐག་གཅོད་ཀྱི་ཇུས་གཞི་འཚོལ་དགོས་པའི་བླང་བྱ་བཏོན་ཞིང་། སྲིད་ཏང་གི་མགོ་ཁྲིད་མང་ཆེ་བས་མྱུར་དུ་སྲིད་འཛིན་དང་ཙུང་ལི་རྣམ་གཉིས་ཀྱིས་ལས་ཁུར་ལ་དགོངས་ཞུ་བྱེད་དགོས་པ་མ་ཟད། གང་མགྱོགས་སྒོས་ཏང་ཤོག་ཁག་ཞུགས་པའི་གནས་སྐབས་སྲིད་གཞུང་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།