ཀྲུང་གོ་བོད་ཀྱི་དྲ་བ།

ཧ་སག་སི་ཐན་གྱིས་ཀྲུང་གོ་སོགས་རྒྱལ་ཁབ་གསུམ་གྱི་སྤྱི་དམངས་ལ་ཉིན་བཅུ་བཞི་ཡི་རིང་འགོད་ཁྲོལ་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧ་སག་སི་ཐན་གྱི་ནང་སྲིད་པུའུ་ཡིས་ཚེས་བཅུ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་བདུན་པའི་ཚེས་བརྒྱད་ཉིན་ནས་བཟུང་། ཧ་སག་སི་ཐན་གྱིས་ཀྲུང་གོ་དང་རྒྱ་གར། དབྱི་ལང་བཅས་ཀྱི་སྤྱི་དམངས་ལ་ཉིན་བཅུ་བཞི་ཡི་རིང་ཁྲོལ་མཆན་འགོད་མི་དགོས་པར་རྒྱལ་མཚམས་བརྒལ་ཆོག་པའི་སྲིད་ཇུས་ལག་བསྟར་བྱས།

ཧ་སག་སི་ཐན་གྱི་ནང་སྲིད་པུའུ་ཡིས་བཤད་རྒྱུར། སྲིད་ཇུས་ལྟར་ན། ཉིན་བརྒྱ་དང་བརྒྱད་ཅུ་རེའི་ནང་དུ་ཁྲོལ་མཆན་འགོད་མི་དགོས་པའི་སྲིད་ཇུས་ལོངས་སྤྱོད་བྱེད་ཡུན་ཉན་ཞེ་གཉིས་ལས་བརྒལ་མི་ཆོག་ལ། ཉིན་བཅུ་བཞི་ཡི་ཁྲོལ་མཆན་འགོད་མི་དགོས་པའི་དུས་ཡུན་ནང་དུ། གོང་གསལ་རྒྱལ་ཁབ་གསུམ་ཀའི་སྤྱི་དམངས་ཀྱིས་ཧ་སག་སི་ཐན་དུ་ཚོང་དོན་དང་ཡུལ་སྐོར་བྱེད་སྒོ་སྤེལ་ཆོག་པ་ལས། རིན་དོད་ཡོད་པའི་ངལ་རྩོལ་བྱེད་མི་ཆོག

སྤེལ་བའི་གནས་ཚུལ་ལྟར་ན། ཁྲོལ་མཆན་འགོད་མི་དགོས་པའི་སྲིད་ཇུས་གསར་པ་ལག་བསྟར་བྱས་རྗེས། ཧ་སག་སི་ཐན་གྱི་དེ་སྔོན་ལག་བསྟར་བྱེད་པའི་རྒྱ་གར་དང་ཀྲུང་གོའི་སྤྱི་དམངས་ལ་དུས་ཚོད་དོན་གཉིས་ཀྱི་རིང་རྒྱལ་མཚམས་བརྒལ་ན་ཁྲོལ་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་མཚམས་བཞག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།