ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཨ་ཀིན་ཐིན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁཱ་ཧྥེ་ཡའེ་ལའོ་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ7པའི་ཚེས7ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་དབྱི་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་ལ་ཞུགས་སྐབས་པཱ་ལིས་གླིང་ཕྲན་ནས་ཨ་ཀིན་ཐིན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁཱ་ཧྥེ་ཡའེ་ལའོ་ལ་ཐུག་འཕྲད་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ཟབ་མོ་བཙུགས་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཐབ་ཇུས་ཀྱི་ཁྲིད་སྟོན་བྱས་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀིན་ཐིན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་མཛའ་གྲོགས་འབྲེལ་བ་ལག་བསྟར་བྱས་པར་བསྔགས་བརྗོད་བྱེད་རྒྱུ་ཡིན་ལ། ཨ་ཀིན་ཐིན་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་50འཁོར་བར་ཐུན་མོང་ཐོག་དྲན་གསོ་ཞུ་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་ལ་སྐུལ་འདེད་བཏང་སྟེ་རང་སོ་སོའི་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བར་རོགས་འདེགས་བྱེད་དགོས། ཕྱོགས་གཉིས་ཀྱིས་ད་ལོའི་ཀྲུང་ཨའི་མཛའ་གྲོགས་མཉམ་ལས་ལོ་གོ་སྐབས་སུ་བྱས་ནས་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་ཤེས་རྟོགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་ཇེ་བརྟན་དུ་བཏང་ནས་ཐུན་མོང་ཐོག་ཕྱོགས་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་ལོ་50རྗེས་མའི་ཕྱོགས་སུ་བསྐྱོད་དགོས་ཟེར།

ཁཱ་ཧྥེ་ཡའེ་ལའོ་ཡིས་བཤར་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་བཏོན་པའི་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་ལ་ཨ་ཀིན་ཐིན་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀིན་ཐིན་ཕྱོགས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་རིམ་སྤེལ་ཚོགས་འདུར་ཞུགས་རྒྱུར་གདན་ཞུ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་གསེར་གྱོམ་རྐྱེན་སྲོལ་དང་སྦྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཕྱི་རོལ་ཡུལ་གྱི་ལངས་ཕྱོགས་མཐའ་འཁྱོངས་བྱས་ནས་དམག་འཁྲུག་མཚམས་འཇོག་རྒྱུ་དང་ཞི་བདེའི་གོ་སྐབས་སྤྲོད་རྒྱུར་རེ་འབོད་བྱེད་ཀྱིན་ཡོད་པས། ཨ་ཀིན་ཐིན་ཕྱོགས་ཀྱིས་དེར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། གསར་དར་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞིའི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་མཉམ་ལས་ཐད་བསམ་འཆར་བརྗེ་རེས་བྱས་ནས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཝུའུ་ཁི་ལན་གྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་རོགས་བྱ་རྒྱུའི་མོས་མཐུན་བྱུང་། ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀིན་ཐིན་གྱིས་ལ་ཏེན་མེ་གླིང་གི་ཐུན་མོང་སྒྲིག་གཞིའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཨ་ཀིན་ཐིན་ཕྱོགས་དང་ལག་གདང་སྦྲེལ་ནས་འདྲ་མཉམ་དང་གཉིས་ཕན། གསར་གཏོད། སྒོ་འབྱེད། དམངས་ཕན་བཅས་ཀྱི་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།