ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཧི་ཡིས་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་ཡེ་ལུན་ལ་ཁ་པར་བཏང་།

    སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།


2022.07.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། 


ཟླ7པའི་ཚེས5ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་མེ་རི་ཁའི་ཁྱོན་ཡོངས་དཔལ་འབྱོར་གྲོས་མོལ་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་ལིའུ་ཧི་ཡིས་དུས་བཅད་ལྟར་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་ཡེ་ལུན་ལ་བརྙན་རིས་ལམ་ནས་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་དང་གོ་ལ་ཧྲིལ་པོའི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་སོགས་གྲོས་གཞིའི་ཐད་ནས་དངོས་གཉེར་དང་ཟོལ་མེད་ངང་བསམ་འཆར་བརྗེ་རེས་བྱས་ཤིང་། བརྗེ་རེས་ལ་འཛུགས་སྐྲུན་རང་བཞིན་ལྡན། ཕྱོགས་གཉིས་ཀྱིས་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་འགྲན་སློང་དྲག་པོར་འཕྲད་ཡོད་པས། ཀྲུང་གོ་དང་ཨ་མེ་རི་ཁའི་སྤྱི་ཁོག་སྲིད་ཇུས་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཚེ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་དང་འཛམ་གླིང་ཧྲིལ་པོར་ཕན་པ་ཡོད་པར་འདོད། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁས་ཀྲུང་གོར་སྒོ་ཁྲལ་དང་བཀག་སྡོམ་མེད་པར་བཟོ་བ་དང་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་ངང་ལྟ་སྟངས་འཛིན་པ་སོགས་ཀྱི་གནད་དོན་ལ་དོ་ཁུར་བྱེད་ལུགས་མཚོན་པར་བྱས། ཕྱོགས་གཉིས་ཀ་མུ་མཐུད་དུ་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུར་མོས་མཐུན་བྱུང་།




རྩོམ་སྒྲིག་པ། : བདེ་ལེགས་མཚོ།