ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གིས་རྒྱལ་དམངས་གྲོས་ཚོགས་ཆེན་པོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཅ་ཞི་ཏི་ཡིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གིས་ཉིན་དེར་ཁ་པུར་ནས་རྒྱལ་དམངས་གྲོས་ཚོགས་ཆེན་པོ་བསྡུས།

མུའུ་ཅ་ཞི་ཏི་ཡིས་ཉིན་དེར་ཨ་ཧྥུའུ་ཧན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱལ་དམངས་གྲོས་ཚོགས་ཆེན་པོ་བསྡུ་བ་ནི་ཨ་ཧྥུའུ་ཧན་མི་དམངས་ཀྱི་དགོས་མཁོ་སྐོང་བའི་ཆེད་ཡིན་ལ། དབྱི་ལང་དང་ཕ་ཁི་སི་ཐན་དུ་འཚོ་བ་རོལ་བའི་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་འཐུབ་ཚབ་མི་སྣ་ཡང་གྲོས་ཚོགས་ལ་ཞུགས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་བཙུགས་པའི་ཚུན་དུ་ཐོག་མར་རྒྱལ་དམངས་གྲོས་ཚོགས་ཆེན་པོ་བསྡུས་པ་ཡིན་ལ། ཚོགས་ཞུགས་མི་སྣས་ལོ་རིམ་བདུན་པ་དང་བཅུ་གཉིས་པའི་བུད་མེད་སློབ་མ་ཕྱིར་སློབ་གྲྭར་ཞུགས་ཆོག་མིན་དང་། ཨ་ཧྥུའུ་ཧན་སྲིད་གཞུང་གི་རིགས་སྣ། རྒྱལ་དར་དང་རྒྱལ་གླུ་སོགས་གནད་དོན་ལ་གྲོས་སྡུར་བྱེད་རྒྱུ་རེད།

ཨ་ཧྥུའུ་ཧན་པ་ཧི་ཐ་གསར་འགྱུར་ཁང་ནས་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་རྒྱལ་ཡོངས་ནས་ཡོང་བའི་ཆོས་ལུགས་རིག་གནས་པ་དང་ཚོ་རིགས་ཀྱི་གཙོ་འཛིན་སྟོང་གསུམ་དང་ལྔ་བརྒྱ་གདན་ཞུ་ལྟར་ཐེངས་འདིའི་དུས་ཡུན་ཉིན་གསུམ་ཡིན་པའི་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།