ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིའི་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་དམིགས་འབེན་ལ་འགྱུར་བ་ཅི་ཡང་མེད་ཅེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྲི་ཧ་པ་ཏི་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་བཤད་དོན། ཨུ་རུ་སིའི་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་དམིགས་འབེན་ལ་འགྱུར་བ་ཅི་ཡང་མེད་ལ། མཐའ་མཇུག་གི་དམིགས་འབེན་ནི་ཏུང་པ་སི་ས་ཁུལ་བཅིངས་འགྲོལ་བྱེད་པ་དང་། ས་གནས་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱས་ནས། ཨུ་རུ་སི་རང་ཉིད་ཀྱི་བདེ་འཇགས་འགན་སྲུང་བྱེད་པར་ཆ་རྐྱེན་སྐྲུན་པ་ཡིན།

ཁི་ལིན་མུའུ་ལིན་ཕོ་བྲང་དྲ་ངོས་སུ་བཀོད་པའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཐུའུ་ཁུའུ་མན་སི་ཐན་ལ་འཚམས་འདྲི་བྱེད་པའི་སྐབས་སུ་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་སྨྱན་བྱད་ཀྱི་གསར་འགོད་པའི་དྲི་བར་ལན་བཏབ། ཕུའུ་ཅིན་གྱིས་བཤད་དོན། ཙུའེ་ཏེན་དང་ཧོ་ལན་བྱང་ཆིངས་སུ་ཞུགས་པ་ལ་ཨུ་རུ་སི་ཕྱོགས་ཀྱིས་སེམས་ཁྲལ་བྱེད་དགོས་དོན་ཅི་ཡང་མེད། ཨུ་རུ་སི་དང་ཙུའེ་ཏེན། ཧོ་ལན་བཅས་ཀྱི་འབྲེལ་བའི་ཁྲོད་དུ་ཝུའུ་ཁི་ལན་དང་འདྲ་བར་མངའ་ཁོངས་རྩོད་རྒྱུ་མེད། ཕུའུ་ཅིན་གྱིས་དེ་དང་མཉམ་དུ་བཤད་དོན། གལ་ཏེ་བྱང་ཆིངས་ཀྱིས་རྒྱལ་ཁབ་གཉིས་སུ་དམག་དཔུང་དང་དམག་དོན་རྨང་གཞིའི་སྒྲིག་ཆས་བཀོད་སྒྲིག་བྱས་ཚེ། ཨུ་རུ་སི་ཕྱོགས་ཀྱིས་ཅིས་ཀྱང་འདྲ་མཉམ་སྒོས་རྒོལ་ལན་སྤྲོད་པ་ཡིན་ཟེར།

ཕུའུ་ཅིན་གྱིས་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་ཐུའུ་ཁུའུ་མན་སི་ཐན་ལ་འཚམས་འདྲི་བྱས་པ་དང་། སྐབས་དྲུག་པའི་ལིས་ཧེ་མཚོ་འགྲམ་རྒྱལ་ཁབ་ཀྱི་འགོ་གཙོའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཐུའུ་ཁུའུ་མན་སི་ཐན་དང་དབྱི་ལང་། ཨ་སེ་པད་ཅང་བཅས་ཀྱི་ཙུང་ཐུང་དང་གྲོས་མོལ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།