ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་ན་གཞོན་ཉེར་གཉིས་ཆང་ཁང་ཞིག་གི་ནང་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་དྲུག་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།    ན་གཉོན་ཉེར་གཉིས་ཨ་ཧྥེ་རི་ཁ་ལྷོ་མའི་པུའུ་ཧྥ་ལའོ་གྲོང་ཁྱེར་ཤར་ཕྱོགས་ཀྱི་ལོན་ཏོན་ས་ཁུལ་གྱི་ཆང་ཁང་ཞིག་ཏུ་རྐྱེན་ལམ་དུ་ཤོར་བ་དང་།  ཙུང་ཐུང་ལ་མཱ་ཧྥུའུ་ས་ཡིས་འདས་པོར་མྱ་ངན་ཞུ་བཞིན་ཡོད་ཟེར།    གསལ་བསྒྲགས་ནང་དུ་ན་གཞོན་དེ་དག་རྐྱེན་ལམ་དུ་ཤོར་བའི་རྒྱུ་རྐྱེན་གསལ་བོར་བཤད་མེད།

ཨ་ཧྥེ་རི་ཁ་ལྷོ་མའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་བཤད་རྒྱུར།    ཉེན་རྟོག་ཕྱོགས་ལ་ཉིན་དེའི་ཞོགས་པར་གྱོད་དོན་སྙན་ཞུ་འབྱོར་རྗེས་དེ་མ་ཐག་འགུལ་སྐྱོད་སྤེལ་བ་དང་།   མིག་སྔར་གྱོད་དོན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

པུའུ་ཧྥ་ལའོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཕཱ་ཁ་ཐེས་ཀྱིས་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར།   ལོན་ཏུན་ཉེན་རྟོག་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུས་དོན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱས་ཏེ་གྱོད་དོན་དང་འབྲེལ་བ་ཡོད་པའི་མི་སྣར་དགོས་ངེས་ཀྱི་རིན་དོད་འཇལ་རྒྱུ་འཇུག་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།