ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཨ་ཧྥུའུ་ཧན་ལ་ས་ཡོམ་གྱི་གནོད་འཚེ་བྱུང་བའི་ཐད་ནས་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་དཔོན་པོ་ཚབ་མ་མུའུ་ཐཱ་ཅི་ལ་མཚམས་འདྲིའི་གློག་འཕྲིན་བཏང་།

    སྤེལ་དུས། : 2022-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན།  རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱི་ཡིས་ཨ་ཧྥུའུ་ཧན་ལ་ས་ཡོམ་གྱི་གནོད་འཚེ་ཐེབས་པའི་ཐད་ནས་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་དཔོན་པོ་ཚབ་མ་མུའུ་ཐཱ་ཅི་ལ་མཚམས་འདྲིའི་གློག་འཕྲིན་བཏང་།

ཝང་དབྱི་ཡིས་བསྟན་དོན།   ཨ་ཧྥུའུ་ཧན་ཤར་ལྷོའི་ས་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས།  ངས་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུས་པ་ཡིན་ལ།   རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མི་དང་རྨས་མ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་མཚམས་འདྲི་བྱས་པ་ཡིན།   ཨ་ཧྥུའུ་ཧན་མི་དམངས་གནོད་འཚེ་ལས་རྣམ་པར་རྒྱལ་ནས་སྔ་མོ་ནས་རྒྱུན་ལྡན་འཚོ་བ་སླར་གསོ་བྱ་ཐུབ་པའི་ཡོད་ཆེས་ཡོད། མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་ཕྱོགས་ཀྱི་དགོས་མཁོར་དམིགས་ནས་མི་ཆོས་རིང་ལུགས་ཀྱི་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།