ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུ་ཀ་ནི་སི་ཐན་ཤར་རྒྱུད་ཀྱི་ས་ཡོམ་ཁྲོད་མི1000ལྷག་རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས22ཉིན་གྱི་ཆུ་ཚོད4དང་སྐར་མ54སྟེང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཤར་རྒྱུད་དུ་ས་ཡོམ་ཚད་རིམ6.2རྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་སྨི30ཡོད། མིག་སྔར་ས་ཡོམ་ཁྲོད་མི1000ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི1500ལྷག་ལ་རྨས་སྐྱོན་ཕོག་ཡོད། ས་གནས་དེ་གའི་འབྲེལ་ཡོད་མི་སྣས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་ཇེ་མང་དུ་འགྲོ་སྲིད་ཅེས་བསྟན།

99a4fca3b9114ddda154ee55a5c98691.jpg (930×620)

ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་མིག་སྔའི་བར། ཀྲུང་གོའི་མི་སྣར་ཤི་རྨས་བྱུང་བ་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པའི་སྐོར་གྱི་སྙན་ཞུ་འབྱོར་མེད་ཅེས་བསྟན།

42dc7b3e76af40249f181fe890e981a3.jpg (930×569)

ཨ་ཧྥུ་ཀ་ནི་སི་ཐན་གནས་སྐབས་སྲིད་གཞུང་གི་ལས་ཚབ་ཙུང་ལི་མུའུ་ཧན་མོ་ཏེ·ཧ་སང·ཨ་ཧུང་ཏེ་ཡིས་ཚེས22ཉིན་བྲེལ་མྱུར་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་ལས་ཁུངས་མྱུར་དུ་ཡུལ་དངོས་སུ་སོང་ནས། ཐོན་ཁུངས་ཡོད་ཚད་བཀོལ་སྤྱོད་བྱས་ཏེ་ཚེ་སྲོག་སྐྱོབ་ཐབས་བྱེད་དགོས་པ་དང་། གནོད་ཐེབས་མང་ཚོགས་ལ་དགོས་ངེས་ཀྱི་རོགས་སྐྱོར་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།