ཀྲུང་གོ་བོད་ཀྱི་དྲ་བ།

པུར་ཀ་རི་ཡའི་རྒྱལ་དམངས་གྲོས་ཚོགས་སྟེང་སྲིད་གཞུང་གི་ཡིད་ཆེས་མི་བྱེད་པའི་འཕྲལ་འདོན་གྲོས་གཞི་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུར་ཀ་རི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་སྲིད་གཞུང་གི་ཡིད་ཆེས་མི་བྱེད་པའི་འཕྲལ་འདོན་གྲོས་གཞི་ལ་གྲོས་འཆམ་བྱུང་།

པུར་ཀ་རི་ཡའི་སྤྱི་དམངས་ཏང་ཡོད་སའི་སྲིད་ཏང་མནའ་འབྲེལ་གྱིས་བཏོན་པའི་ཡིད་ཆེས་མི་བྱེད་པའི་འཕྲལ་འདོན་གྲོས་གཞི་ལ་ཉིན་དེར་རྒྱལ་དམངས་གྲོས་ཚོགས་ཀྱི་འདེམ་བསྐོའི་ཁྲོད་འདེམ་ཤོག་བརྒྱ་དང་ཉེར་གསུམ་ཐོབ།   པུར་ཀ་རི་ཡའི་བཅའ་ཁྲིམས་ལྟར་ན།   ཡིད་ཆེས་མི་བྱེད་པའི་གྲོས་གཞི་ལ་རྒྱལ་དམངས་གྲོས་ཚོགས་ཀྱི་ཕྱེད་ཀ་ལས་བརྒལ་བའི་འདེམ་ཤོག་བརྒྱ་དང་ཉེར་གཅིག་གི་རྒྱབ་སྐྱོར་ཐོབ་ཚེ་འཕྲལ་འདོན་གྲོས་གཞི་དེར་གྲོས་འཆམ་འབྱུང་དགོས་པ་རེད།

རྒྱལ་དམངས་གྲོས་ཚོགས་སྟེང་སྲིད་གཞུང་གི་ཡིད་ཆེས་མི་བྱེད་པའི་འཕྲལ་འདོན་གྲོས་གཞི་ལ་གྲོས་འཆམ་བྱུང་རྗེས།  རྒྱལ་སྲིད་ལས་ཁུངས་རྩ་འཛུགས་ཀྱི་ཐོབ་ཐང་ཡོད་པའི་སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་ལ་བསྡོམས་པས་རྒྱལ་སྲིད་ལས་ཁུངས་རྩ་འཛུགས་ཀྱི་གོ་སྐབས་གསུམ་ཡོད།   ང་ཚོས་མུ་མཐུད་དུ་སྒྱུར་བཅོས་བྱེད་ཅེས་པའི་མནའ་འབྲེལ་ལ་གདན་ཐོབ་ཆེས་མང་ཤོས་ཡོད་པས།  ཡང་བསྐྱར་རྒྱལ་སྲིད་ལས་ཁུངས་རྩ་འཛུགས་བྱེད་པའི་དབང་ཆ་ཐོབ་ངེས།  གལ་ཏེ་ང་ཚོས་མུ་མཐུད་དུ་བཅོས་སྒྱུར་བྱེད་པའི་སྒྱུར་བཅོས་བྱེད་ཅེས་པའི་མནའ་འབྲེལ་གྱིས་རྒྱལ་སྲིད་ལས་ཁུངས་རྩ་འཛུགས་བྱ་མ་ཐུབ་ཚེ་པུར་ཀ་རི་ཡའི་སྤྱི་དམངས་ཏང་ཡོད་སའི་སྲིད་ཏང་མནའ་འབྲེལ་ལ་རྒྱལ་སྲིད་ལས་ཁུངས་རྩ་འཛུགས་ཀྱི་དབང་ཆ་ཐོབ་ངེས།   གལ་ཏེ་པུར་ཀ་རི་ཡའི་སྤྱི་དམངས་ཏང་གིས་ཀྱང་རྒྱལ་སྲིད་ལས་ཁུངས་རྩ་འཛུགས་བྱ་མ་ཐུབ་ཚེ།  པུར་ཀ་རི་ཡའི་ཙུང་ཐུང་གིས་སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་གཞན་པར་རྒྱལ་སྲིད་ལས་ཁུངས་རྩ་འཛུགས་ཀྱི་དབང་ཆ་སྤྲོད་ངེས།   རྒྱལ་སྲིད་ལས་ཁུངས་རྩ་འཛུགས་ཀྱི་ཐོབ་ཐང་ཡོད་པའི་སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་གྱིས་ཀྱང་རྒྱལ་སྲིད་ལས་ཁུངས་རྩ་འཛུགས་བྱ་མི་ཐུབ་ཚེ།   པུར་ཀ་རི་ཡའི་ཙུང་ཐུང་གིས་རྒྱལ་དམངས་གྲོས་ཚོགས་གཏོར་ཏེ་གནས་སྐབས་རྒྱལ་སྲིད་ལས་ཁུངས་འཛུགས་པར་མ་ཟད།  དེའི་རྗེས་གྲོས་ཚོགས་ཀྱི་འདེམ་བསྐོ་གསར་པ་སྤེལ་ངེས་ཡིན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།