ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉེར་གཉིས་ལོའི་གསེར་གྱོམ་རྒྱལ་ཁབ་གྱི་མཐུན་སྦྱོར་མི་སྣའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་གསེར་གྱོམ་རྒྱལ་ཁབ་ལས་དོན་གྱི་མཐུན་སྦྱོར་མི་སྣ།  ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཁྲའོ་ཞུའུ་ཡིས་ཚེས་ཉེར་གཅིག་ཉིན་འགོ་འཛིན་བྱས་ཏེ་ཉིས་སྟོང་ཉེར་གཉིས་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་མཐུན་སྦྱོར་མི་སྣའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།   ཨུ་རུ་སུ་དང་རྒྱ་གར།   པ་ཞི།   ཨ་ཧྥེ་རི་ཁ་ལྷོ་མ་བཅས་ཀྱི་གསེར་གྱོམ་རྒྱལ་ཁབ་ལས་དོན་གྱི་མཐུན་སྦྱོར་མི་སྣ་གྲོས་ཚོགས་ལ་ཞུགས།

མཱ་ཁྲའོ་ཞུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་བའི་ཚུན་ལ། གསེར་གྱོམ་རྒྱལ་ཁབ་ཀྱིས་སྤུས་ཚད་མཐོ་བའི་སྤུན་ཟླའི་འབྲེལ་བ་འཛུགས་པ་དང་། འཛམ་གླིང་འཕེལ་རྒྱས་ཀྱི་དུས་རབས་གསར་པ་མཉམ་དུ་བསྐྲུན་པའི་བརྗོད་དོན་ལ་དམིགས་ཏེ་དཔལ་འབྱོར་ཉོ་ཚོང་དང་ནོར་སྲིད་དངུལ་ལོར།   ཆབ་སྲིད་བདེ་འཇགས།  མི་གཞུང་བརྗེ་རེས་སོགས་ཕྱོགས་ནས་བླངས་པའི་འཕེལ་རིམ་གལ་ཆེན་ལ་ཕྱིར་དྲན་བྱས་པ་དང་།    ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་གྱི་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་བཞི་བ་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་མཐོ་རིམ་གྲོས་མོལ་ཚོགས་འདུ་བཅས་ཀྱི་འབྲེལ་ཡོད་བཀོད་སྒྲིག་མཚམས་སྦྱོར་བྱས།

མཱ་ཁྲའོ་ཞུའུ་ཡིས་བསྟན་དོན།    མིག་སྔར་ཀྲུང་གོ་ཕྱོགས་ཀྱིས་གྲ་སྒྲིག་བྱ་བ་ཡོད་ཚད་ཚགས་སུ་ཆུད་པར་བྱས་ཡོད་པ་དང་།   ཕྱོགས་སོ་སོའི་ཐུན་མོང་འབད་བརྩོན་འོག་ཏུ།  མགོ་ཁྲིད་པའི་ཐུག་འཕྲད་ལེགས་འགྲུབ་ཡོང་ནས་གསེར་གྱོམ་རྒྱལ་ཁབ་གྱི་མཉམ་ལས་སྔར་ལས་མཐོ་བའི་ཆུ་ཚད་དུ་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར།

གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་འཐུས་མིས་ཀྲུའུ་ཞི་རྒྱལ་ཁབ་ཀྱིས་བཏོན་པའི་འགོ་ཁྲིད་བྱེད་ནུས་དང་སྒྲུབ་པའི་བྱ་བར་བསྟོད་བསྔགས་ཆེན་པོ་བྱས་པ་དང་།    ད་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་བླངས་པའི་གྲུབ་འབྲས་དང་འཕེལ་རིམ་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད།    མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།