ཀྲུང་གོ་བོད་ཀྱི་དྲ་བ།

སོ་མ་ལི་ཡི་ཙུང་ཐུང་གིས་ཧ་མུའུ་ཀྲ་ཨ་པུའུ་ཏིས་པཱ་ལོས་སོ་མ་ལི་ཡི་ཙུང་ལི་ལ་བསྐོ་འཇོག་བྱས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་ཅ་ཏིས་ཧྲ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། སོ་མ་ལི་ཡི་ཙུང་ཐུང་ཧ་སང་ཞེ་ཧི་མཱ་ཧ་མོ་ཏི་ཡིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར། ཧ་མུའུ་ཀྲ་ཨ་པུའུ་ཏིས་པཱ་ལོས་སོ་མ་ལི་ཡི་ཙུང་ལི་ལ་བསྐོ་འཇོག་བྱས་པ་ཁྱབ་སྒྲོག་བྱས།

མཱ་ཧ་མའོ་ཏི་ཡིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧ་མུའུ་ཀྲ་ཨ་པུའུ་ཏིས་པ་ལོས་སོ་མ་ལི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་ལ་གསར་དུ་བསྐོ་འཇོག་བྱས་པ་དང་། པཱ་ལོས་ཀྱིས་འབྲེལ་ཡོད་བདེ་འཇགས་དང་ཐན་སེལ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་སོགས་སྲིད་གཞུང་གི་བྱ་བའི་འགན་འཁུར་ཐུབ་པ་རེད། 

སོ་མ་ལི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། པ་ལོས་ད་ལོ་ལོ་ཞེ་བརྒྱད་ཡིན་པ་དང་། སྔོན་ཆད་སོ་མ་ལིའི་སྐབས་བཅུ་གཅིག་པའི་གྲོས་ཁང་མི་དམངས་གླིང་གི་གྲོས་མི་ཡིན།

ད་ལྟ་ལོ་རེ་དྲུག་ཡིན་པའི་མ་ཧ་མའོ་ཏི་ནི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་ཙུང་ཐུང་ལ་བདམས་པ་དང་། སོ་མ་ལི་ཡི་ལོ་རྒྱུས་སྟེང་དུ་ཐེངས་གཉིས་ལ་ཙུང་ཐུང་དུ་བདམས་པའི་མི་ཐོག་མ་ཡིན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།