ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་ལུམ་པི་ཡར་ལོ300གོང་རྒྱ་མཚོར་ནུབ་པའི་གཡོར་གྲུ་ཆེན་པོ་རྙེད་པ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2022-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་6ཚེས་6ཉིན། ཁོ་ལུམ་པི་ཡའི་མཚོ་དམག་གིས་མཚོ་འོག་ཏུ་ཆུར་ནུབ་ནས་དུས་ཡུན་རིང་པོ་ཕྱིན་པའི་ཧྲེང་ཧོ་སེ་གཡོར་གྲུ་ཆེན་པོ་འཚོལ་ཞིབ་བྱས་ཡོད། ཧྲེང་ཧོ་སེ་གཡོར་གྲུ་ཆེན་པོ་ནི་དེ་སྔོན་སི་ཕན་མཚོ་དམག་གི་གཡོར་གྲུ་ཆེ་ཤོས་གྲས་ཤིག་ཡིན་ཞིང་། སྤྱི་ལོ་1708ལོར་ཁོ་ལུམ་པི་ཡའི་ཅ་ལི་པི་རྒྱ་མཚོའི་གྲུ་ཁའི་ཉེ་འགྲམ་དུ་ཆུར་ནུབ་པ་དང་། སྐབས་དེ་དུས་གྲུ་གཟིངས་ཐོག་ཏུ་རྩ་ཆེ་བའི་རིན་ཆེན་ནོར་བུ་འབོར་ཆེན་བླུག་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།