ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་སོགས་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་དགུ་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཝུའུ་ཁི་ལན་གྱི་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་སོགས་ཆབ་སྲིད་མགོ་ཁྲིད་པར་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས། 

ཝུའུ་ཁི་ལན་ཙུང་ཐུང་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། བཀག་སྡོམ་བྱེད་པའི་མིང་ཐོའི་ནང་བསྡོམས་པས་མི་སོ་ལྔ་འདུས། ཕུའུ་ཅིན་ལས་གཞན་ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ། ཙུང་ལི་མུས་ཧྲུའུ་སི་ཅིང་། རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ། ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་སོགས་ཀྱང་བཀག་སྡོམ་མིང་ཐོའི་ནང་བཞག་ཡོད་པ་རེད། བཀག་སྡོམ་བྱེད་ཐབས་ལ་བཀག་སྡོམ་བྱ་ཡུལ་གྱི་ཝུའུ་ཁི་ལན་དུ་ཡོད་པའི་རྒྱུ་ནོར་བེད་སྤྱོད་བྱེད་པར་ཚད་བཀག་བྱེད་པ་དང་། བཀག་སྡོམ་ཐེབས་མཁན་གྱིས་ཝུའུ་ཁི་ལན་བར་ཉོ་ཚོང་བྱེད་པར་གཏན་འགོགས་བྱེད་པ་སོགས་འདུས། 

ཙེ་ལེན་སི་ཅི་ཡིས་ཉིན་དེར་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཨུ་རུ་སིའི་སློབ་ཆེན་ཉིས་བརྒྱ་དང་དྲུག་ཅུའི་སློབ་གཙོར་བཀག་སྡོམ་བྱེད་རྒྱུ་མ་ཟད། ཨུ་རུ་སིའི་སློབ་ཆེན་ཉིས་བརྒྱ་དང་སོ་དྲུག་བར་གྱི་ཚན་རིག་མཉམ་ལས་དང་རིག་གནས། སློབ་གསོ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་བྱ་འགུལ་སྤེལ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།