ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཀུང་ཟིས་ཧི་ལན་དུ་རང་བྱུང་སོལ་རླངས་མཁོ་འདོན་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།

    སྤེལ་དུས། : 2022-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཀུང་ཟི་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གནས་སྐབས་སུ་ཧི་ལན་གྱི་ཅཱ་སི་ཐི་ལཱ་ནུས་ཁུངས་ཀུང་ཟིར་རང་བྱུང་སོལ་རླངས་མཁོ་འདོན་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། 

ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཀུང་ཟིས་ཉིན་དེར་བཤད་རྒྱུར། ཚེས་སུམ་ཅུ་ཉིན་གྱི་བར་དུ་ཧི་ལན་གྱི་ཅཱ་སི་ཐི་ལཱ་ནུས་ཁུངས་ཀུང་ཟི་ཡིས་ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཀུང་ཟི་ལ་ཟླ་བཞི་བའི་ཚེས་གཅིག་ཉིན་ནས་བཟུང་ཆད་ལ་བཞག་པའི་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་མ་དངུལ་རྩིས་སྤྲོད་བྱས་མེད་པས། ཨུ་རུ་སིའི་ཕྱོགས་ཀྱིས་ཧི་ལན་གྱི་རང་བྱུང་སོལ་རླངས་མཁོ་འདོན་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན་ཟེར། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་བཀོད་པའི་ཙུང་ཐུང་བཀའ་རྒྱ་ལྟར་ན། ཟླ་བཞི་བའི་ཚེས་གཅིག་ཉིན་ནས་བཟུང་། ཨུ་རུ་སིའི་ཕྱོགས་ཀྱིས་མཛའ་མཐུན་མིན་པའི་རྒྱལ་ཁབ་དང་ས་ཁུལ་དུ་རང་བྱུང་སོལ་རླངས་མཁོ་འདོན་བྱེད་སྐབས་ཨུ་རུ་སིའི་སྒོར་མོས་རྩིས་སྤྲོད་བྱེད་དགོས་པ་རེད། 

ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཀུང་ཟི་ཡིས་ཉེ་སྔོན་བསྟན་དོན། ཧི་ལན་གྱི་ཅཱ་སི་ཐི་ལཱ་ནུས་ཁུངས་ཀུང་ཟི་ཡིས་ཨུ་རུ་སིའི་སྒོར་མོ་བཀོལ་ནས་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་མ་དངུལ་རྩིས་སྤྲོད་བྱེད་རྒྱུ་ཁས་ལེན་མ་བྱས་ཚེ། ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཀུང་ཟི་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ནས་བཟུང་ཧི་ལན་གྱིས་མ་དངུལ་རྩིས་སྤྲོད་ཡོངས་འགྲུབ་བྱེད་རག་བར་ཏུ་སོལ་རླངས་འདོན་སྤྲོད་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།