ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་པཱ་ཞི་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་མང་བོའི་རྒྱལ་ཁོངས་བརྒལ་བའི་དངུལ་གཏོང་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཚོང་དོན་པུའུ་ཡིས་ཚེས24ཉིན་ཕྱི་ཕྱོགས་ལ་ཀྲུང་གོ་དང་པཱ་ཞིའི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་གྲུབ་འབྲས་གསལ་ཁྲ་ཁྱབ་བསྒྲགས་བྱས། གསལ་ཁྲ་དེ་ལས་མངོན་པ་ལྟར་ན། ཀྲུང་གོ་དང་པཱ་ཞི་ཡིས་རྒྱལ་ཁབ་གཉིས་ཀྱི་ཞིང་ཞོར་ཐོན་རྫས་ཀྱི་ཉོ་ཚོང་འཕེལ་རྒྱས་དང་། ཐཱན་ཉུང་དང་དག་གཙང་ལག་རྩལ་གྱི་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲོས་མཐུན་བཀོད་དེ། གྲངས་ལྡན་དཔལ་འབྱོར་སོགས་ཁྱབ་ཁོངས་ནས་མཉམ་ལས་གང་ལེགས་སྤེལ་བར་ཡིད་འཐད་བྱུང་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།